མཚོ་ནུབ་ཁུལ་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས9ཉིན་གྱི་ཕྱི་དྲོ། མཚོ་ནུབ་ཁུལ་ཏང་ཨུ་ཡིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ”བརྗོད་དོན་ཡིན་པའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཁུལ་རིམ་པ་གཞོན་པའི་ཡན་གྱི་འགོ་ཁྲིད་དང་ཁུལ་ཁྲིམས་ཁང་གི་འགོ་བ། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་བ་སོགས་རྩ་འཛུགས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་ཕུལ་བའི་གློག་བརྙན《ང་དང་ངའི་མེས་རྒྱལ།》 《ཀྲུང་གོའི་གནམ་གྲུའི་ཁ་ལོ་བ》གཉིས་ལ་བལྟས་ནས། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ”བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་སྒོས་སྤེལ་བ་དང་། ཁུལ་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་བརྗོད་དོན་སློབ་གསོ་ཐེངས་གཉིས་ཀ་སྤེལ་ནས་གཅིག་བསྡུས་ཐོག་སློབ་སྦྱོང་ཏན་ཏིག་སྒོས་བྱས་པ་རེད།

མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུན་ཀའོ་ཏུང་དང་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་རྡོ་རྗེ། ཁུལ་སྲིད་གྲོས་ཀྲུའུ་ཞི་ཀླུ་ཁོ་རྒྱལ། ཁུལ་གྱི་འགོ་ཁྲིད་སུང་ལེ་མེན་དང་མ་ཞིན། ལིའང་ཡན་ཀའོ། ཅང་ཝེ་ཧྥུན། ཝང་རོང་ཡེས། ཨ་དབྱིན་ཏི། ལིས་ཅ་ཁྲིན། ལེ་ཧའེ་ལན། ལིག་ཡན་ཁྲིན། ཀྲང་ཡ་པང་། ལིས་ཡོན་་ཕེན་སོགས་ཀྱིས་གློག་བརྙན་ལ་བལྟས་པ་རེད།

《ང་དང་ངའི་མེས་རྒྱལ》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70འཁོར་བའི་ནང་ལོ་རྒྱུས་རང་བཞིན་གྱི་སྐད་ཅིག་མའི་དཔེར་མཚོན་མང་པོ་ཞིག་རྒྱུ་ཆ་རུ་བྱས་ཡོད། གློག་བརྙན་དེ་དག་སོ་སོས《མདང་ནུབ》དང《ཐུག་འཕྲད།》 《གཟེངས་རྟགས་བླངས་པ།》 《ཕྱིར་ལོག་པ།》 《པེ་ཅིན་བདེ་མོ།》 《མཚན་མོའི་སྐར་མདའ།》 《མཁའ་སྲུང》བཅས་གཏམ་རྒྱུད་མི་འདྲ་བ་བདུན་བརྒྱུད་དེ། དུས་སྐབས་གང་དེའི་གཟི་བརྗིད་དང་བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་དུས་སྐབས་དེ་བསྐྱར་དུ་མངོན་ཡོད། གློག་བརྙན་གྱིས་དུས་རབས་གསར་བའི་འོག་གི་མི་སྣ་ཆུང་ཆུང་དག་མཐོང་སྣེ་གཙོ་བོར་བཟུང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ལོ་ངོ70ཡི་རིང་ལ་སྤྱིར་བཏང་གི་མི་དང་མེས་རྒྱལ་གྱིས་དཔུང་བ་མཉམ་བཤིབས་དང་སྐྱིད་སྡུག་མཉམ་མྱོང་སྒོས་མེས་རྒྱལ་གྱི་འོད་སྟོང་འཕྲོ་བའི་དུས་སྐད་མའི་རྒྱབ་ལྗོངས་འོག་ཏུ་ང་དང་ཁྱོད། ཁོ་ཚོ་བཅས་ཡོད་པ་མཚོན་པར་བྱས་ཡོད།

《ཀྲུང་གོའི་གནམ་གྲུའི་ཁ་ལོ་བ》ནི་ཟི་ཁྲོན་ཞིང་ཆེན་གྱི་མཁའ་སྐྱོད་དཔའ་བོ་ལིག་ཁྲོན་ཅན་གྱི་དངོས་ཡོད་ཉམས་མྱོང་དངོས་ལ་བཅོས་སྒྲིག་བྱས་པ་བརྒྱུད་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཁྲོད་ཀྱི་སྙིང་སྟོབས་ངོ་མ་དེ་མངོན་པར་མཚོན་ཡོད། གློག་བརྙན་དེས2018ལོའི་ཟླ5ཚེས14ཉིན་གྱི་ཟི་ཁྲོན་ཞིང་ཆེན་གྱི་མཁའ་འགྲུལ་གནམ་གྲུ3u8633ལ་སྒྲིག་གཞི་སྒྲིག་འཇུག་བཅོས་སྒྲིག་ལེགས་འགྲུབ་བྱུང་། རྨིད་ཁྲི་གཅིག་གི་མཐོ་བའི་བར་སྣང་དུ་ཁ་ལོ་བའི་འཁོར་སྒྲོམ་གྱི་གཡས་ཕྱོགས་རླུང་འགོག་ཤེལ་སྒོ་ལ་གློ་བུར་དུ་གས་སྐྱོན་བྱུང་སྟེ་སར་ལྷུང་ལ་ཉེ་བའི་ཛ་དྲག་གི་གནས་ཚུལ་འོག་ཁ་ལོ་བ་ལིག་ཁྲོན་ཅན་འདུས་པའི་མི་སྣ8གྱིས་ཆེད་ལས་ཀྱི་སྤུས་ཚད་མཐོན་པོར་བརྟེན་ནས་གནམ་གྲུའི་ནང་གི་འགྲུལ་བ119ཡི་བདེ་འཇགས་ལ་ཁག་ཐེག་བྱས། ཁ་ལོ་བ་ལིག་ཁྲོན་ཅན་གྱིས་མི་རྣམས་ཧ་ལས་པའི་འགུག་ཤུགས་ལ་བརྟེན་ནས་ལྟོས་ཚོད་ཀྱིས་འགྲུབ་དཀའ་བའི་དོན་དངོས་དེ་འགྲུབ་པར་བཅུག་པ་དང་རྨེག་མེད་དུ་འགྲོ་བའི་གནས་སྟངས་དེར་རེ་བ་སྨིན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།