ད་ལྟ་རང་ཞིང་ལ་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་རིགས1294ཡོད་ལ། འདེབས་འཛུགས་དང་རི་སྐྱེས་གསོ་སྤེལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི20ལྷག་ལ་བསླེབས་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་རིགས་མི་འདྲ་བ1294ཡོད་པ་དང་། དེའི་ཁྲོད་རྩི་ཤིང་རིགས་ཀྱི་སྨན་རྫས1087དང་སྲོག་ཆགས་རིགས་ཀྱི་སྨན་རྫས་རིགས150 གཏེར་རྒྱུའི་རིགས་ཀྱི་སྨན་རྫས57བཅས་ཡོད། ཀྲུང་བོད་ལུགས་སྨན་རྫས་ཀྱི་འདེབས་འཛུགས་ཁྱབ་ཁོངས་དེ་ཆེས་ཐོག་མའི་ཤར་རྒྱུད་ཞིང་ལས་ས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོར་རྒྱ་སྐྱེད་འདུག་ལ། ལྡང་ལ་རི་བོའི་ལྕུམ་རྩྭ་དང་སྤྲུ་ནག ཀྱི་ལྕེ། འཕང་འབྲས། ཤིང་མངར་སོགས་སྒྲིག་སྲོལ་ཅན་མང་པོའི་འདེབས་འཛུགས་རྟེན་གཞི་གྲུབ། འདེབས་འཛུགས་དང་རི་སྐྱེ་སྐྱེ་འཕེལ་གྱི་རྒྱ་ཁྱོན་ཡང་སྤྱི་ཆིངས་ཁྲི20ལ་སླེབས།

ལོ་འདི་དག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ཁུངས་ལེགས་པོར་གཞི་བཅོལ་ནས། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན་གྱིས་བོད་ལུགས་སྨན་རཛས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་སྒོས་ཏན་ཏན་ཏིག་ཏིག་བཞིའི་རེ་འདུན་གལ་ཆེན་ལག་ལེན་དངོས་འབེབས་དོན་འཁྱོལ་བྱས་ཤིང་། ཐོན་ལས་ཚོགས་སྤྱི་འཛུགས་སྐྲུན་དང་འཚེ་མེད་ཐོན་ལས་ཀྱི་མ་ལག་སྒྲིག་འཛུགས། འཕེལ་རྒྱས་ཀྱི་ཁ་ཕྱོགས་རིམ་བསྒྱུར་བཅས་ཀྱིས་ཁྱད་ཆོས་ངེས་ཅན་ལྡན་པའི་ཐོན་ལས་ལེགས་པོ་ཞིག་སྒྲུབ་རྒྱུ་དེ་དམ་འཛིན་བྱས། ཁེ་ལས་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་ལེགས་པོ་དང་ཕུལ་བྱུང་ཚོང་རྟགས་གསར་བཟོ་ལ་སྐུལ་འདེད་སྒོས་གར་སྟེགས་གསར་བ་ཞིག་ལ་ཞིབ་འཇུག་གསར་བཟོ་བྱས་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་བ་དང་ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་ཅན་ཏུ་བཟོས་ནས། ཞིང་ཆེན་ཡོངས་ཀྱི་བོད་ལུགས་སྨན་རྫས་ཀྱི་ཐོན་ལས་དེ་ཅུང་འཕེལ་རྒྱས་ཆེ་བའི་རྣམ་པ་ཅན་ལ་བསྒྱུར་བ་རེད།

ཁྱོན་ཡོངས་ནས་རི་སྐྱེས་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་དངོས་འབེབས་བྱས་པ་དང་། ཤུགས་ཆེན་པོའི་སྒོ་ནས་རི་སྐྱེས་ཀྲུང་བོད་ལུགས་སྨན་རྫས་ཀྱི་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱས། ཀྲུང་བོད་ལུགས་སྨན་རྫས་རྒྱུ་ཆའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་རི་སྐྱེ་གསོ་སྐྱོང་། ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཚད་འཕར་སྣོན་བཅས་ཀྱིས་གོ་རིམ་ལྡན་པའི་ངང་ནས་ཀྲུང་བོད་ལུགས་སྨན་རྫས་རྒྱུ་ཆའི་རི་སྐྱེ་གསོ་སྐྱོང་ཁུལ་བཙུགས་ཏེ། ཀྲུང་བོད་ལུགས་སྨན་རྫས་ཀྱི་རི་སྐྱེས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་ཧུར་ཐག་གིས་སྲུང་སྐྱོབ་སྒོས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་མུར་བསྟུན་གསར་སྤེལ་བེད་སྤྱོད་ཐད་ཀྱི་ལེགས་ཕྱོགས་འཕེལ་རྒྱས་སྒྲིག་གཞི་དེ་ཐོག་མར་གྲུབ། ད་ལྟ་རང་ཞིང་དུ་ལྡང་ལ་རི་བོའི་ལྕུམ་རྩྭ་དང་སྤྲུ་ནག ཀྱི་ལྕེ། འཕང་འབྲས། ཤིང་མངར་སོགས་སྒྲིག་སྲོལ་ཅན་མང་པོའི་འདེབས་འཛུགས་རྟེན་གཞི་བཙུགས་ཡོད། དེའི་ཁྲོད་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིངས་ཁྲི3.29ལ་བསླེབས། འདེབས་འཛུགས་ཀྱི་དཀའ་ཁག་དང་རི་སྐྱེ་གསོ་སྤེལ་གྱི་རྒྱ་ཁྱོན་དེ་སྤྱི་ཆིངས་ཁྲི15.33ཡིན། ཁྱོན་ཡོངས་ནས་ཤིང་མངར་འདེབས་འཛུགས་ཐོན་སྐྱེད་དེ་ཕྱིར་འཚོང་བྱེད་པའི་འཐབ་ཇུས་ལྟར། ཞིན་ཅང་དང་ཀན་སུའུ་སོགས་ཞིང་ཆེན་བརྒལ་བའི་ས་ཁུལ་དུ་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་གསར་འཛུགས་བྱས། དེ་མིན་ཨ་ཧྥུ་ཧན་སོགས་རྒྱལ་མཚམས་ས་ཁུལ་དུ་ཡང་སྨན་རྫས་ཐོན་སྐྱེད་རྟེན་གཞི་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱེད་པའི་འགན་སྲུང་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།