དགེ་རྒན་བསྡུ་བའི་བརྡ་སྦྱོར།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གཙན་ཚ་རྫོང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སློབ་གསོའི་སྤུས་ཚད་དང་སློབ་སྒྲུབ་ཀྱི་ཆུ་ཚད་ཇེ་མཐོར་གཏང་ཆེད། རྫོང་ཏང་ཨུ་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ཚོགས་ལ་ཁ་གཏད་དེ་སྒྲིག་ཁོངས་སུ་མི་གཏོགས་པའི(编外)སློབ་གྲྭ་ཆུང་འབྲིང་གི་དགེ་རྒན30བསྡུ་རྒྱུ་རེད། འབྲེལ་ཡོད་དོན་ཚན་གྱི་བཀོད་ཁྱབ་གཤམ་གསལ་ལྟར།

གཅིག འཆར་འགོད།

མཐོ་འབྲིང་རིམ་པའི་རྩིས་རིག་དགེ་རྒན10དང་མི་རིགས་སློབ་ཆུང་གི་རྒྱ་ཡིག་དགེ་རྒན20བཅས་བསྡུ་རྒྱུ་ཡིན།

གཉིས། ཆ་རྐྱེན།

1.ཏང་གི་སློབ་གསོའི་ལས་དོན་ལ་བློ་དཀར་བ། སྒྲིག་ཁྲིམས་བརྩི་བ། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལེགས་པ་བཅས་ཡིན་དགོས།

2.ཁྱིམ་ཐོ་གར་གཏོགས་ལ་ཚད་བཀག་མེད།

3.དགེ་རྒན་གྱི་ལག་རྟགས་ལྡན་དགོས།

4.ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། མཐོ་འབྲིང་གི་རྩིས་རིག་དགེ་རྒན་ལ་ལོ3ཡན་གྱི་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན་དགོས།

5.ལས་འཁྱུར་ངལ་གསོ་བྱས་པའི་མཐོ་འབྲིང་གི་རྩིས་རིག་དགེ་རྒན་ལ་དམིགས་བསལ་ཡོད།

གསུམ། ལས་བསྡུའི་བྱེད་ཐབས།

ཐེངས་འདིའི་ལས་བསྡུ་བྱ་བ་གཅན་ཚ་རྫོང་སློབ་གསོ་ཅུའུ་ཡིས་རྩ་འཛུགས་བྱས་ཏེ། ཡུལ་དངོས་ནས་མིང་ཐོ་འགོད་པ་དང་དཔྱད་ཞིབ། ཁ་རྒྱུགས་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བསྡུ་རྒྱུ་ཡིན།

བཞི། མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།

1.མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ10པའི་ཚེས11ནས27ཉིན་བར། (སྔ་དྲོའི་ཆུ་ཚོད8:30—12:00 ཕྱི་དྲོའི་ཆུ་ཚོད14:30—17:00)

2.མིང་ཐོ་འགོད་པའི་ས་གནས། གཅན་ཚ་རྫོང་སློབ་གསོ་ཅུའུ་ཡི་སློབ་ཞིབ་ཁང་།(རྫོང་ཏང་སྲིད་ཐོག་ཁང་ཆེན་མོའི་ཉིས་ཐོག)

3.འབྲེལ་གཏུགས་བྱ་ཡུལ། 0973-8732877

ལྔ། འདོན་སྤྲོད་བྱ་དགོས་པའི་རྒྱུ་ཆ།

ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། མཐར་ཕྱིན་འཛིན་ཡིག བསླབ་གནས་དཔང་ཡིག དགེ་རྒན་གྱི་ལག་རྟགས། ཚོན་ལྡན་འདྲ་པར་གསུམ། (一寸)མཐོ་འབྲིང་གི་རྩིས་རིག་དགེ་རྒན་ལ་རྒྱུགས་སྤྲོད་མཁན་ཚོས་དེ་སྔའི་ལས་ཁུངས་ནས་ལས་ཀར་ཞུགས་པའི་བདེན་དཔང་དང་འབྲེལ་ཡོད་རྒྱུ་ཆ་ཡར་སྤྲད་དགོས།

དྲུག ཁ་རྒྱུགས།

ཁ་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས་ཀྱི་བརྡ་གཞན་ནས་གཏང་རྒྱུ་ཡིན།

བདུན། འབྲེལ་ཡོད་ཀྱི་གསོལ་ཐང་།

1.གན་རྒྱའི་ལམ་ལུགས་ལྟར་ལས་བསྡུ་བྱ་རྒྱུ་ཡིན། གན་རྒྱའི་དུས་ཡུན་ལོ་གསུམ་ལ་ཐེངས་གཅིག་འཇོག་དགོས།

2.མཐོ་འབྲིང་གི་རྩིས་རིག་དགེ་རྒན་གྱི་ཟླ་ཕོགས་སྒོར5000ཡན(5000元+绩效+奖金)དང། སློབ་ཆུང་གི་རྒྱ་ཡིག་དགེ་རྒན་གྱི་ཟླ་ཕོགས་སྒོར3000ཡན་སྤྲད་རྒྱུ་ཡིན།(3000元+绩效+奖金)

3.སྡོད་ཁང་སློབ་གྲྭས་བཀོད་སྒྲིག་བྱ་རྒྱུ་ཡིན།

གཅན་ཚ་རྫོང་སློབ་གསོ་ཅུའུ་ནས།

2019ལོའི་ཟླ10པའི་ཚེས11ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།