རང་ཞིང་སྨན་བཅོས་སྡེ་ཁག་ལ་ནད་པའི་བློ་ཡིད་ཚིམ་སྟེ་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལས།སྤྱི་ཟླ10པའི་ཚེས9ཉིན་གསར་འགོད་པར་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱིས་སྨན་པར་སྟོན་པའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་ཆེད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ནུས་པ་འཛུགས་སྐྱོང་ལྟེ་བར་བྱས་ཏེ་ལས་ཀའི་སྤྱོད་ཚུལ་མུ་མཐུད་དུ་ཇེ་ལེགས་དང་། ཞབས་ཞུའི་འཇོན་ཐང་ཇེ། ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས། སྨན་བཅོས་ཆ་རྐྱེན་ཇེ་བཟང་། ཞབས་ཞུ་ལྟ་སྐུལ་ལ་ཤུགས་སྣོན་པ། ཞབས་ཞུའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། ཁ་གཏད་རོགས་སྐྱོར། ནང་ངོས་སྒུལ་ཤུགས་སྤེལ་བ་བཅས་བྱས་ནས། སྨན་བཅོས་ལས་ཁུངས་ཁག་གིས་མང་ཚོགས་ཀྱི་བློ་ཡིད་ཚིམ་དུ་བཅུག་པ་རེད།

ནད་པའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་རྒྱུ་ནི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་ཡིན་ལ། མང་ཚོགས་ཀྱི་སྨན་བཅོས་ཐོབ་ཚོར་རྒྱུན་མཐུད་ངང་ཆེ་རུ་གཏང་བ་དང་། སྨན་དོན་མི་སྣའི་འབད་བརྩོན་སེམས་པ་ཆེ་རུ་གཏང་བ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏང་བ་བཅས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡང་རེད། 2017ལོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྒུལ་བདེའི་དྲ་སྦྲེལ་བློ་ཡིད་ཚིམ་ཚད་ཀྱི་བརྟག་དཔྱད་ཆེད་བཙུགས་བརྟག་དཔྱེད་ལས་ཁུངས་ལ་འགན་སྤྲད་པ་རེད། ལོ་གཉིས་རིང་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་བློ་ཡིད་ཚིམ་ཚད་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་པ་གཉིས་པའི་གཞུང་བཙུགས་སྨན་ཁང་41རྒྱལ་ཁབ་ཀྱི་བློ་ཡིད་ཚིམ་ཚད་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟའི་ནང་ཞུགས་ཡོད་པ་རེད། བློ་ཡིད་ཚིམ་ཚད་ལྟ་ཞིབ་ཚད་ལེན་གྱི་གོ་རིམ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད་པར་མ་ཟད། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་ཚོད་ལྟའི་ཞིང་ཆེན32ཀྱི་ནད་པའི་བློ་ཡིད་ཚིམ་ཚད་དེ2018ལོ་ལས་གནས3མཐོ་རུ་ཕྱིན་པ་དང་། སྨན་ཁང་དུ་བསྡད་པའི་ནད་པའི་བློ་ཡིད་ཚིམ་ཚད་དེ2018ལོ་ལས་གནས2མཐོ་རུ་ཕྱིན་པ། སྒོ་བསྟེན་སྨན་བཅོས་བྱེད་མཁན་ནད་པའི་བློ་ཡིད་ཚིམ་ཚད་དེ2018ལོ་ལས་གནས3མཐོ་རུ་ཕྱིན་པ། ལས་བཟོའི་བློ་ཡིད་ཚིམ་ཚད་དེ2018ལོ་ལས་གནས12མཐོ་རུ་ཕྱིན་པ། གཞུང་བཙུགས་སྨན་ཁང་31གི་ལས་བཟོའི་བློ་ཡིད་ཚིམ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།

གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་འཆར་གཞི་སྔར་བས་ལེགས་སུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སྨན་ཁང་དང་དམངས་གཉེར་སྨན་ཁང་གི་ཞབས་ཞུའི་ནུས་པ་དང་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྨན་བཅོས་སྤུས་ཚད་དོ་དམ་གྱི་ལྟེ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྨན་བཅོས་སྤུས་ཚད་བདེ་འཇགས་ཀྱི་ལྟེ་བའི་ལམ་ལུགས་ཁག18ཞིབ་ཚགས་ངང་དོན་འཁྱོལ་བྱེད་པ། ད་ཡོད་ཀྱི་ཚད་གཞི་དང་། ཕྱོགས་སྟོན། ལག་བསྟར་ནན་པོ་བྱེད་པ་བཅས་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་བློ་ཡིད་ཚིམ་ཚད་ཕྱོགས་གསུམ་པའི་བརྟག་དཔྱད་སྤུས་ཚད་དྲིལ་བསྒྲགས་དང་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་ནས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་བདེ་འཇགས་ཉེན་ཁའི་ལྟ་སྐུལ་ཚོད་འཛིན་དང་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་བཟོ་བ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྨན་ཁང་གི་བློ་ཡིད་ཚིམ་ཚད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།