བརྩེ་བའི་དྲོད་ཁོལ་གྱིས་གཞི་རིམ་བྱིས་པའི་འཚོ་བར་འོད་སྣང་སྦྱིན་པ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཀྲི་དབྱིན་སྤྱི་ཚོགས་ལས་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱིས“ད་ལྟ་ཇི་བཞིན་མ་འོངས་པར་ཡར་རོགས་སྐྱོར་བྱེད”ཅེས་པའི། 2019ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་དཔེ་སྟོན་ལས་གཞི་སྤེལ་ཏེ། འབྲོག་ཁུལ་བྱིས་པའི་མ་འོངས་པར་དོ་ཁུར་བྱེད་པའི་ཕྱོགས་ཀྱི་སྤྱི་ཚོགས་ལས་སྒྲུབ་དཔེར་སྟོན་ལས་གཞི་འགན་སྒྲུབ་བྱས། ཀྲི་དབྱིན་ལྟེ་གནས་ཀྱིས་རྣམ་གྲངས་དེ་ལག་བསྟར་བྱས་པ་བརྒྱུད། ཆེད་ལས་རང་བཞིན་གྱི་སྤྱི་ཚོགས་ལས་སྒྲུབ་ཞབས་ཞུ་དང་དང་བླངས་པའི་ཞབས་ཞུ་གཉིས་ཀར་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ། མགོ་ལོག་ཁུལ་དར་ལག་རྫོང་དུ་ཞབས་ཞུའི་བྱེད་སྒོ་སྤེལ་ནས། བྱིས་པ་དག་ལ་ངར་ཤུགས་དང་བརྩོན་སེམས་བསྐྱེད་དུ་བཅུག་སྟེ། སློབ་གྲྭའི་བྱ་འགུལ་དང་དེ་མིན་སྤྱི་ཚོགས་འབྲེལ་འདྲིས་ཐད་ལ་ཟབ་ཞུགས་བྱེད་དུ་བཅུག་ནས། མི་ལ་རོགས་སྒྲུབ་བྱེད་པའི་རང་རྟོག་གི་འདུ་ཤེས་དང་ཚན་ཆུང་རིགས་བཀར་བྱ་འགུལ་སྤེལ་ཏེ། བྱིས་པ་དག་གིས་ཚན་ཆུང་གི་རྣམ་པ་ལས་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དགོས་མཁོ་དང་རང་ལ་བརྩི་བཀུར་འཐོབ་པ་རེད། དེར་མ་ཟད་ཚན་ཆུང་ཁོངས་མི་སོ་སོའི་བར་ལ་ཡིད་རྟོན་རྒྱབ་སྐྱོར་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ། ཁོ་ཚོའི་བར་གྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་ནས་ནུས་པ་མཉམ་བསྲེས་མཐོར་འདེགས་བྱུང་། རིགས་མི་འདྲ་བའི་སློབ་གྲྭའི་བྱ་འགུལ་འདྲ་མིན་དང་སྒྲིག་སྲོལ་བྱ་སྤྱོད་སྤེལ་ཏེ་སློབ་གསོ་ལེགས་པོ་ཉམས་ལེན་དང་ཀུན་སྤྱོད་ལེགས་པོར་གསབ་སྦྱོང་ཐོབ། ཡང་དག་པའི་སྒོ་ནས་རང་སྟེང་གི་སྐྱེ་ཁམས་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ངོས་འཛིན་གསལ་བོ་བྱས་ཏེ། ལུས་སེམས་གཉིས་ཀྱི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་དང་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཤེས་བྱར་ཡང་རྒྱུས་ལོན་གསལ་བོ་ཞིག་བྱས་ནས། བྱིས་པའི་རྨང་གཞི་རང་བཞིན་གྱི་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལ་ལེགས་བཅོས་དང་བྱིས་པར་མི་སྒེར་གྱི་འཕྲོད་བསྟེན་ལེགས་པོ་ཞིག་ཆགས་པར་རོགས་རམ་བྱས་ནས། རིམས་ནད་འདྲ་མིན་འབྱུང་བར་སྔོན་འགོག་དང་འབྲོག་ཁུལ་གྱི་བྱིས་པའི་སློབ་སྦྱོང་གི་རང་འགུལ་རང་བཞིན་ལ་གསབ་སྦྱོང་དང་རང་རྟོག་རང་བཞིན་བཅས་འཐོབ་པར་བྱས། སྤྱི་ཚོགས་སྟེང་སློབ་སྦྱོང་ལ་སུན་པ་དང་སློབ་སྦྱོང་ལ་གཡོལ་བ། སློབ་གྲྭ་ནས་འགྲོ་བ་སོགས་ཀྱི་གནད་དོན་མཐའ་དག་མེད་པར་བཟོས་ནས། ན་ཆུང་བྱིས་པ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོ་འདིའི་འཆམ་མཐུན་དང་དྲོད་ཁོལ་མྱངས་པ་མ་ཟད། དབུལ་ཕོངས་བྱིས་པའི་རང་སྟེང་གི་དགོས་མཁོའི་གནད་དོན་དེ་དག་ཡང་དག་པའི་སྒོ་ནས་ཐག་གཅོད་གསལ་བོ་ཞིག་བྱས་པ་རེད།

ཀྲི་དབྱིན་སྤྱི་ཚོགས་ལས་སྒྲུབ་མི་སྣ་དག་གིས་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོག་བྱུང་བ་ལྟར་ན། སང་རི་མ་ཡུལ་ཚོའི་བཅའ་སྡོད་སློབ་གྲྭ་ལ་ཁྱོན་བསྡོམས་སློབ་མ359ཡོད་པ་དང་། དེའི་ཁྲོད་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་བོའི་སློབ་མ138ཡོད། གཞིས་བསྐྱུར་བྱིས་པ35དང་རྒན་ཚང་གི་སློབ་མ11 དྭ་ཕྲུག3བཅས་ཡོད་པ་རེད། དར་ལག་རྫོང་སང་རི་མ་ཡུལ་ཚོ་ནི་མགོ་ལོག་ཁུལ་གྱི་ལྷོ་རྒྱུད་དུ་ཡོད་པ་དང་མཚོ་ངོས་མཐོ་ཚད་ལ་རྨིད4301ཡོད། མཚོ་སྔོན་གྱི་སྲིད་འཛིན་ལྟེ་བ་ཟི་ལིང་ནས་སྤྱི་ལེ735ཡི་མཚམས་སུ་གནས་པས། དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་ཆ་རྐྱེན་ཅུང་རྗེས་ལུས་ཡིན། དེ་ཡང་སློབ་ཆུང་དུས་སྐབས་ཀྱི་བྱིས་པ་དག་གིས་དོན་དག་གི་བཟང་ངན་དང་འགྲིག་མིན། དཀར་ནག་སོགས་ལ་ངོས་འཛིན་ཐུབ་པའི་ནུས་པ་ཧ་ཅང་ཞན་པས་སྐྱེ་ཁམས་འཚར་ལོངས་ཀྱི་དུས་སྐབས་སུ་ཁེལ་ཡོད་པས། སེམས་ཁམས་སྐྱེ་འཕེལ་བརྟན་འཇགས་མིན་པའི་དུས་སྐབས་སུ་གནས། བྱིས་པའི་དུས་སྐབས་ནི་མི་ཚེའི་གནད་འགག་གི་དུས་སྐབས་དང་བྱིས་པར་མཁོ་འདོན་བྱེད་དགོས་པའི་འཚོ་གནས་དང་འཕེལ་རྒྱས། སྲུང་སྐྱོབ་སོགས་འཐོབ་འོས་པའི་སྐབས་ཡང་ཡིན། ཚད་ངེས་ཅན་གྱི་སྒོ་ནས་བཤད་ན་བྱིས་པའི་འཕེལ་རྒྱས་འཚར་ལོངས་ཀྱི་དགོས་མཁོ་དང་བྱིས་པའི་མི་མངོན་པའི་ནུས་པ་འདོན་སྤེལ་བཅས་ཀྱིས་བྱིས་པའི་ཚེ་གང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས།

སང་རི་མ་ཡུལ་ཚོའི་བཅའ་སྡོད་སློབ་གྲྭའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཀྲི་དབྱིན་ལྟེ་གནས་ཀྱིས་སློབ་གྲྭའི་ནང་གི་ཡིག་ཚགས་དབུལ་ཁྱིམ་ཅན་གྱི་སློབ་མ་དབུལ་བོ་དང་གཞིས་བསྐྱུར་སློབ་མ། རྒན་ཚང་གི་བྱིས་པ། དྭ་ཕྲུག་བཅས་ལ་ཆེད་ལས་རང་བཞིན་གྱི་སྤྱི་ཚོགས་ལས་སྒྲུབ་ཞབས་ཞུ་མཁོ་སྤྲོད་གནང་ནས་ཁོ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོ་འདིའི་འཆམ་མཐུན་དྲོད་ཁོལ་མྱངས་སུ་བཅུག

མི་ལ་རོགས་སྒྲུབ་དང་རང་རྟོག་གི་འདུ་ཤེས་བཟུང་སྟེ། ཚན་ཆུང་བྱེད་སྒོ་སྤེལ་ནས་བྱིས་པ་དག་གིས་ཚན་ཆུང་གི་རྣམ་པ་ལས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་དེའི་དགོས་མཁོ་དང་བརྩི་འཇོག་གི་དགོས་མཁོ་བསྐངས། དེར་མ་ཟད། ཚན་ཆུང་ཕན་ཚུན་བར་ལ་ཡིད་རྟོན་རྒྱབ་སྐྱོར་དང་ཕན་ཚུན་བར་ལ་སློབ་སྦྱོང་བྱས་ཏེ་ཁོ་ཚོའི་མི་མངོན་པའི་ནུས་པ་སྔོག་འདོན་གྱི་གོ་སྐབས་འཐོབ་པར་བྱས། དེ་མིན་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་ཡང་མཐོར་འདེགས་སུ་བཏང་པ་རེད།

སློབ་གྲྭའི་ནང་ཁུལ་དུ་བྱ་འགུལ་སྤེལ་ཏེ་ནར་མ་སོན་པའི་མིའི་ཀུན་སྤྱོད་དང་ཤེས་ནུས། ལུས་རྩལ། མཛེས་རིས་སོགས་ཀྱི་སྤུས་ཚད་ཐད་ལ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་པ་རེད།

སེམས་ཁམས་ཀྱི་སྤུས་ཚད་དང་ཀུན་སྤྱོད་ཀྱི་བྱང་ཚད་གསོ་སྐྱོང་ལེགས་པོ་བྱས་ཏེ་ཁོ་ཚོར་རོགས་རམ་སྒོས་སྐྱེ་ཁམས་དང་སེམས་ཁམས་ཀྱི་ཤེས་བྱ་ཚང་མ་ཞིག་ཁོད་དུ་ཆུད་པར་བྱས། སློབ་མའི་རང་སྟེང་གི་སེམས་ཁམས་བདེ་ཐང་ཐད་ལ་ཡང་སྐུལ་འདེད་བྱས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།