ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འཆར་འགོད་ཀྱི་གཞི་རྩའི་བསམ་ཕྱོགས་གཅིག་སྡུད་སྒོ་བསྡམས་ཐོག་ཟིན་འགོད་བྱས་ཏེ་ལེགས་འགྲུབ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས18ཉིན་ནས་ཚེས་23ཉིན་བར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་བཞིའི”འཆར་འགོད་སྒྲིག་ཁོངས་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་གཏུག་པ་དང་ཞིང་ཆེན་སྲིད་གཞུང་གི་འཆར་འགོད་གཞུང་དོན་ཁང་གི་མི30ལྷག་སྒྲིག་འཛུགས་བྱས་ཏེ། དུས་ཡུན་ཉིན6ཡི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་གཞི་རྩའི་བསམ་ཕྱོགས་གཅིག་སྡུད་ཐོག་བཀག་སྡོམ་འཆར་ཟིན་འགོད་པའི་བྱ་བ་སྤེལ་བ་རེད།

གཅིག་སྡུད་ཐོག་བཀག་སྡོམ་བྱེད་པའི་བྱ་བ་སྤེལ་སྐབས། ལས་བྱེད་མི་སྣ་ཡོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞིའི”གཞི་རྩའི་བསམ་ཕྱོགས་ལ་གཅིག་སྡུད་ཐོག་བཀག་སྡོམ་འཆར་ཟིན་འགོད་པའི་བྱ་བའི་སྐུལ་སློང་ཚོགས་འདུའི་བླང་བྱ་གཞིར་བཟུང་སྟེ། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཁྱབ་ཁོངས་ཁག་གི་གཞི་རྩའི་བསམ་ཕྱོགས་དང“གལ་ཆེན་གསུམ”ཞིབ་འཇུག་ཇུས་འགོད་ལ་དམ་པོར་དམིགས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་གཅིག་སྡུད་ཐོག་བཀག་སྡོམ་འཆར་ཟིན་འགོད་པའི་བྱ་བ་ནན་ཏན་དང་ནུས་ལྡན་ངང་སྤེལ་ཡོད། ཁྲུའུ་ཁང་ཁག་གི་འབྲེལ་གཏུག་པས་གཅིག་གྱུར་བཀོད་སྒྲིག་ལ་བརྩི་སྲུང་ཞུ་བ་དང་ལས་ཀའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱས་ནས་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། ཤུགས་ཆེ་བ་བཅས་ཀྱི་གནས་ཚུལ་འོག་རྒྱུན་མཐུད་ངང་ཁ་སྣོན་བརྒྱབ་ནས། རབ་ཏུ་རྒྱས་པའི་ལས་ཀའི་སྤྲོ་སེམས་ལ་བརྟེན་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱེད་པ། མཐུན་སྒྲིལ་རོགས་ལས། བློ་བསྡུས་དགེ་འཚོལ། ཐུན་མོང་གི་ངོས་འཛིན་ཆགས་པ་བཅས་བྱས་ཏེ་ཕན་ཚུན་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་པ་དང་། རྒྱུས་ལོན་ཟབ་ཏུ་གཏང་བ། འཆར་འགོད་ཀྱི་མཐོང་རྒྱ་ཡངས་སུ་བཏང་བ། འཐབ་ཇུས་ཀྱི་བསམ་གཞིག་ཟབ་ཏུ་གཏང་བ་བཅས་བྱས་ནས་ལས་སྒོའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

ཐེངས་འདིའི་འཆར་ཟིན་འགོད་པའི་བྱ་བ་བཀོད་སྒྲིག་ཞིབ་ཚགས་དང་དངོས་སྒྲུབ་བེད་ཆེའི་ཐོག་ནས་ཁྱབ་ཁོངས་ཁག་གི“ལོ་ལྔའི་འཆར་གཞི་བཅུ་བཞིའི”འཆར་འགོད་ཀྱི་གཞི་རྩའི་བསམ་ཕྱོགས་རགས་ཙམ་ཆགས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཀྱི་གཞི་རྩའི་བསམ་གཞིའི(ཐོག་མ)》ཡང་དུས་གཅིག་ཏུ་གྲུབ་ནས་གཅིག་སྡུད་བཀག་སྡོམ་གྱི་འཆར་ཟིན་འགོད་པའི་བྱ་བའི་སྔོན་དཔག་ཕན་འབྲས་ཐོན་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།