རང་ཞིང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བ་ཁྱོན་ཡོངས་ནས་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་གྱི་ལས་སྒོ་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཚན་ཁག་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཧུར་ཐག་གིས་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ཤིང་། གྲོང་ཚོའི་གཙང་སྦྲའི་ལས་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”ལས་དོན་བརྟན་པོའི་ངང་སྤེལ་བར་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་བཅས་རེད། ད་ཆར་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་དཔེ་མཚོན་དཔེ་སྟོན་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་ཞིང་ཆེན་ཡོངས་སུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ལོ་འགོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་ཁུལ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི“འགོ་ཁྲིད་དང་པོ”ནས་དངོས་སུ་དམ་འཛིན་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཐད་ཀར་དམ་འཛིན་བྱེད་པ། རིམ་པ་རེ་རེ་བཞིན་དམ་འཛིན་བྱེད་པ། རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད་པ་རེད།ད་ལོ་ཞིང་ཆེན་རིམ་པ་ཡན་གྱི་ཆེད་དོན་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཐད་སྤྱོད་པའི་མ་དངུལ་དེ་ན་ནིང་ལས་སྒོར་དུང་ཕྱུར7ཙམ་ཇེ་མང་དུ་ཕྱིན་པ་མ་ཟད། ལས་གཞིའི་གདམ་གསེས་དབང་ཆ་དང་མ་དངུལ་བསྡུ་སྒྲིལ་དབང་ཆ་རྫོང་རིམ་པར་སྤྲད་པས་མ་དངུལ་གཏོང་འཇོག་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད། 

བསྡོམས་རྩིས་བྱས་པར་ལྟར་ན། ད་ཆར་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ248བསྐྲུན་འགོ་ཚུགས་པ་དང་ལས་འགོ་འཛུགས་ཚད83%ཟིན་པ། རིགས་མི་འདྲ་བའིའཛུགས་སྐྲུན་ལས་གཞི903བསྡུ་སྒྲིལ་དང་། ཆ་སྒྲིག་མཉམ་སྐྲུན་ཚན་པ850བཀོད་སྒྲིག་བྱས་ལ། རིམ་རྩིས་བྱས་ན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར11.7གྲབས་གསོག་བྱས་ཡོད་པ་རེད། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”64869ལས་འགོ་ཚུགས་པ་དང་ལས་འགོ་འཛུགས་ཚད89%ཟིན་ནས་39261བསྐྲུན་ཟིན་པ་དང་ལས་མཇུག་འགྲིལ་ཚད54%ཟིན་ཡོད་པ་རེད། ཞིང་ལས་ངོས་ཀྱི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ཤིང་། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ300ཡི་སྒྲིག་བཀོད་དང་སྒྲིག་ཆས་ཇེ་ལེགས་དང་སྒྱུར་བཀོད། རྫོང3གྱིས་རྫོང་ཧྲིལ་པོར་བཙོག་དངོས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་བཏང་། རྫོང22ཀྱིས་ཞིང་ནང་གི་འགྱིག་རོ་ཚུར་བསྡུ་བྱས་པ་བཅས་རེད། འཕྲོད་བསྟེན་བྱེད་སྒོབརྒྱུད་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་ཁྲི40ལྷག་ཙམ་གཙང་སེལ་བྱས་ཤིང་གྱང་རོ་བཤིག་ནས་གང་བྱུང་དུ་འཛུགས་སྐྲུན་ཁྲི2ལྷག་ཙམ་བྱས་པ་དང་ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས175བཅོས་སྒྲིག་བྱས་ནས་བཅོས་སྒྲིག་བྱེད་ཚད72.3%ཟིན་པ་དང་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།