ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་འཛུགས་ཚོ་ཆུང་གིས"སེམས་ཚོར་ཕྲན་བུ"ཞེས་པའི་རྩོམ་ཡིག་བསྡུ་འགོ་བརྩམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དེ་རིང་ནས་ཟླ10པའི་ཚེས18ཉིན་བར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་འཛུགས་ཚན་པའི་འབྲེལ་གཏུག་ཚོ་ཆུང་དང་པོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70དང་། མཚོ་སྔོན་ལ་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་བརྗོད་དོན་གཙོ་བོ་ལྷན་འབྲེལ་ཐོག“སེམས་ཚོར་ཕྲན་བུ”ཞེས་པའི་བརྩམས་ཆོས་འགྲན་སྡུར་སྤེལ་རྒྱུ་རེད། འགྲན་ཞུགས་དང་མཐུན་པ་རྣམས་ཀྱིས་རྩོམ་ཡིག་བདམས་ཏེ་གློག་རྡུལ་པར་གཞིwordཡི་རྣམ་པའི་ཐོག་ནས་tswzsjsjgjw163.comདུ་བསྐུར་ཆོག 

ཐེངས་འདིའི་རྩོམ་ཡིག་བསྡུ་རུབ་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མཚར་སྡུག་གི་ལོ་ངོ70། འབད་འཐབ་ཀྱི་དུས་རབས་གསར་པ”ཞེས་པ་དེ་ཡིན་པ་དང་། བསྡུ་རུབ་བྱ་ཡུལ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་འཛུགས་འབྲེལ་གཏུག་ཚོགས་ཆུང་དང་པོའི་ཁོངས་མི་ཚན་པའི་ལས་བྱེད་ལས་བཟོ་ཡིན་པ་རེད། “སེམས་ཚོར་ཕྲན་བུའི”བརྩམས་ཆོས་ཀྱི་ནང་དོན་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་དམ་པོར་དམིགས་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་དང་ཟུང་འབྲེལ་དམ་ཟབ་ཐོག་ཁ་བྱང་རང་གིས་བདམས་ནས་ཡིག་འབྲུ500ཡི་ནང་ཚུན་དུ་བསྐུམ་དགོས། 

བརྩམས་ཆོས་ངེས་པར་དུ་རང་ཉིད་ཀྱི་གསར་རྩོམ་ཡིན་དགོས་པ་དང་། དྲ་ཐོག་ནས་ཕབ་ལེན་བྱེད་པ་སོགས་བྱ་མི་ཆོག གསལ་ཆ་དོད་པ་དང་རྩོམ་སྲོལ་ལྡན་དགོས་པ། བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། གསར་གཏོད་རང་བཞིན་ངེས་ཅན་ལྡན་དགོས། རྩོམ་ཡིག་ནང་རྩོམ་པ་པོའི་རུས་མིང་དང་། སྡེ་ཚན། གོ་གནས། འབྲེལ་གཏུག་ཁ་པར་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་གསལ་པོར་འགོད་དགོས། རྩོམ་ཡིག་ཕྱིར་བསྐུར་རྒྱུ་མིན་པས་རྩོམ་པ་པོས་མ་ཡིག་ཉར་རོགས། 

ཏང་འཛུགས་འབྲེལ་གཏུག་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཚན་པས་ལས་ཁུངས་ཁག་ཅིག་གི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་གདན་ཞུ་བྱས་ནས། ཚན་པ་ཁག་གིས་ཕུལ་བའི་རྩོམ་ཡིག་ནང་དཔྱད་འདེམས་བྱས་ནས་ཡོངས་སྒྲོག་དང་འབྲེལ་བྱ་དགའ་ཡང་སྤྲད་དགོས། བསྡུ་རུབ་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ3དང་། བྱ་དགའ་གཉིས་པ6བྱ་དགའ་ཨང་གསུམ་པ9ཕུལ་བྱུང་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།