རང་ཞིང་དུ་ལོ་ངོ32རིང་ཚབས་ཆེའི་རིགས་ཀྱི་ནགས་ཚལ་མེ་སྐྱོན་བྱུང་མྱོང་མེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བའི་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ཆའི་བར་ཞིང་ཆེན་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན30ཤོར་ཡོད་པ་དང་། དེའི་ཁྲོད་ནགས་ཚལ་གྱི་མེ་སྐྱོན18བྱུང་བ་དང་། རྒྱ་ཁྱོན་ལ་སྤྱི་ཆིང3ཡོད་འདུག ། རྩྭ་ཐང་དུ་མེ་སྐྱོན་ཐེངས12བྱུང་བ་དང་རྒྱ་ཁྱོན་སྤྱི་ཆིང273.5ཟིན་པས་ཞིང་ཆེན་ཡོངས་སུ་མེ་སྐྱོན་ཚབས་ཆེན་དང་མི་ལ་རྨས་སྐྱོན་ཚབས་ཆེན་བྱུང་མེད། གླེང་རིན་ཡོད་པ་ཞིག་ནི་ཞིང་ཆེན་ཡོངས་སུ་ལོ32བསྟུད་མར་ནགས་ཚལ་མེ་སྐྱོན་བྱུང་མྱོང་མེད། 

ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནས་ཚུལ་ལ་བལྟས་ན། ད་ལོར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་རྒྱ་ཁྱོན་ཅུང་ཆུང་དུ་ཕྱིན་ཡོད་པ་རེད། ད་ཆར་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བ་ཆུ་ཚོད24ཡི་ལས་རེས་ལམ་ལུགས་དང་། འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མགྱོགས་མྱུར་བརྒྱུད་སྤྲོད་བྱ་རྒྱུར་འགན་ལེན་བྱས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མགྱོགས་མྱུར་ཐག་གཅོད་ནུས་ལྡན་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད། མེ་ཟོན་དུས་སྐབས་སུ་རིགས་ཁག་གི་མེ་གསོད་རུ་ཁག་འཕྲལ་སྡོམ་གྱི་རྣམ་པར་སླེབས་པ་དང་ནགས་རའི་ལས་བཟོ་ལས་གྲུབ་པའི་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་དང་། ནགས་ཁུལ། འབྲོག་ཁུལ་བཅས་ཀྱི་མང་ཚོགས་ལས་གྲུབ་པའི་འོས་འགན་མེ་གསོད་རུ་ཁག་མེ་སྐྱོན་ཐོན་རྗེས་འཕྲལ་མར་མེ་སྐྱོན་ཐོན་ཡུལ་དུ་བསྐྱོད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད། 

ད་ལོ་ནས་བཟུང་རང་ཞིང་གིས་འབད་པ་ཆེན་པོས་ཟི་ལིང་དང་། མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་དུ་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ།ཆ་འཕྲིན་བཀོད་འདོམས་དང་འཕྲིན་གཏོང་མ་ལག་སོགས་མེ་འགོག་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བྱས་ཤིང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.3བཏང་སྟེ།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་དང་། ཆ་འཕྲིན།བརྙན་གཏོང་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་མ་ལག་འཛུགས་སྐྲུན་ལེགས་སྒྱུར་བྱས་པས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།