ཁྲའོ་ཞན་གྱིས་ཁྲའོ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ།

ཟླ་10ཚེས་6ཉིན། ཁྲའོ་ཞན་ཕོང་དབྱང་མི་དམངས་རིག་གནས་ཕོ་བྲང་དུ་ཁྲའོ་ཞན་ཆེས་མཐོའི་མི་དམངས་ཚོགས་འདུའི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐའེ་ཧེང་ཁྲེས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་འབུལ་བཞིན་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་སྐབས་སུ། ཚེས་6ཉིན་གྱི་དགོང་མོར་ཕོང་དབྱང་མི་དམངས་རིག་གནས་ཕོ་བྲང་དུ་ཁྲའོ་ཞན་ཕྱི་ཕྱོགས་རིག་གནས་འབྲེལ་གཏུག་ཨུ་ལྷན་དང་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ནས་ཁྲའོ་ཞན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།