རང་ཞིང་གི་ཞིང་ཕྱུགས་ལས་ཀྱི་འགན་བཅོལ་ཚད་གཞི་ཇེ་མཐོ་དང་ཁྱབ་རྒྱ་ཆེ་རུ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འབཕྲིན།   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕྱུགས་ལས་ཀྱི་འགན་བཅོལ་རྒྱ་ཁྱོན་ཆེ་རུ་ཤུགས་ཆེན་བཏང་ཞིང་། ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱིས་རོང་འབྲོག་པར་ཉེན་ཁའི་འགན་ལེན་སྒོར་དུང་ཕྱུར510.86བྱས་པ་དེ་ལོ་གོང་མ་ལས་21.44%འཕར་ཡོད་པ་རེད། སྲོལ་རྒྱུན་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་ཀྱི་རྒྱ་ཁྱོན་དེ་ལོ་གོང་མ་དང་བསྡུར་ན4.46%དང750.3%སོ་སོར་འཕར་བ་དང་ནགས་ཚལ་འགན་བཅོལ་གྱི་རྒྱ་ཁྱོན14.67%འཕར་ཡོད་པ་རེད། 

མཚོ་སྔོན་ཞིང་ཆེན་གྱིས་རྫོང17དུ་སྲིད་ཇུས་རང་བཞིན་གྱི་བོད་ལུག་དང་ནོར་ནག་འགན་བཅོལ་ཚོད་ལྟའི་བྱ་བ་སྤེལ་བའི་རྨང་གཞིའི་ཐོག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་། པད་མ་རྫོང་། གཅིག་སྒྲིལ་རྫོང་སོགས་ས་ཁུལ་དབུལ་པོའི་རྫོང་དང་གྲོང་ཁྱེར11ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་ནས།ཞིང་ཆེན་ཡོངས་ཀྱི་འབྲོག་ལས་རྐྱང་པའི་རྫོང་ཚང་མར་ཁྱབ་ཡོད་པ་རེད། ད་ལོར་བོད་ལུག་དང་ནོར་ནག་འགན་བཅོལ་གྱིས་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ནོར་ལུག་ཁྲི1476.52ལ་ཉེན་ཁའི་འགན་ལེན་སྒོར་དུང་ཕྱུར121.53བྱས་པ་དེ་ལོ་གོང་མ་ལས50.91%འཕར་ཡོད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།