གསེར་ཆེན་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པིའ་ཚེས27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་པེ་ཅིང་དུ་འཚོགས་ཤིང་། གསེར་ཆེན་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་མཚན་སྙན་ཐོབ་ཅིང་། གསེར་ཆེན་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་མ་དོན་གྲུབ་པེ་ཅིང་དུ་འཚོགས་པའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གནས་ཡུལ་གྱི་གསེར་ཆེན་རྫོང་ཞིག་ཡིན་པའི་ངོས་ནས། ལོ་ངོ་སྟོང་ཕྲག་རིང་མི་རིགས་ཁག་གི་བུ་ཕྲུག་གིས་ས་གཞི་རྔམ་སྟུག་འདིའི་བདེ་སྡུག་མཉམ་མྱོང་དང་། ལག་གདང་སྦྲེལ་བ། ལྟ་བ་སྲུང་བ། ཕན་ཚུན་རོགས་རམ། མཐུན་སྒྲིལ་ཡར་ཐོན་བཅས་བྱས་ནས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིག་བརྩམས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།

ལོ་མང་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔར་ནས་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཞིང་ཆེན་དང་ཁུལ་ཨུའི་གསར་གཏོད་བྱ་བའི་སྣེ་ཁྲིད་འོག་ལས་ཀའི་གཙོ་གནད་མངོན་གསལ་དོད་པ་དང་། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏང་བ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྔར་བས་བརྟན་དུ་བཏང་ནས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

ལོ་ཙཱ་བ། གཡང་སྐྱིད།