ལི་ཅེ་ཞང་གིས་ལས་བགོས་འགན་གཉེར་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ལས་བགོས་འགན་གཉེར་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་བཞུགས་མོལ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་ཞེས་བསྟན་པ་རེད།

ལི་ཅེ་ཞང་གིས་སྡེ་ཚན་ཁག་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྙིང་སྟོབས་སྔར་བས་གཅིག་ཏུ་སྒྲིལ་བ་དང་། འབད་འཐབ་ཡར་བརྩོན་གྱི་བྱ་བའི་ཚོགས་པ་གཏོད་པ། མཐུན་སྒྲིལ་བྱས་རྗེས་འཇོག་པའི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས་མཐའ་ཐུག་བརྟན་སྲུང་། ལས་ཀུན་ལམ་ཐོག་ཏུ་འཇོག་པར་བརྩོན་ལེན་བྱས་ཏེ། ཆེད་མཁས་པའི་མདུན་གྲལ་དུ་ཧུར་ཐག་བསྐྱོད་དགོས་ཞེས་བསྟན་པ་རེད།

ལི་ཅེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རྟག་ཏུ་འགོ་པ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྣེ་ཁྲིད་བྱེད་པ། རྒྱུས་ལོན་དང་། ཤེས་རྟོགས། དངོས་སྒྲུབ། དངོས་སྒྲུབ་བཅས་ཀྱི་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དངོས་སྦྱོང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱུན་གཏན་གྱི་བྱ་བ་ཐད་ཆབ་སྲིད་དང་ཆེད་ལས་བྱ་བར་ ཕན་འབྲས་དངོས་ཐོན་པ་བྱེད་དགོས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དང་། ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་དཔེ་སྟོན་ཞིང་ཆེན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཅས་སྐྲུན་མགྱོགས་སུ་གཏོང་བ་དང་། སྣོད་བཅུད་དཔལ་འབྱོར་དང་། འཁོར་རྒྱུག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར། ས་འཕུར་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་གཏང་བ། ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་རེ་རེ་བཞིན་བཟོ་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་དཔྱད་ཞིབ་དམིགས་ཚད་ཞིབ་འཇུག་དང་བཟོ་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།