གསེར་ཆེན་རྫོང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་བཙལ་ནས་དག་ཐེར་ལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། གསེར་ཆེན་རྫོང་གི་རིམ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཀྲུང་དབྱང་དང་། ཞིང་ཆེན་ཡོངས། ཁུལ་ཡོངས་བཅས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་བྱ་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། ཞང་གྲོང་དང་སྡེ་ཁག་སོ་སོས་ཚད་གཞི་མཐོན་པོ་དང་བླང་བྱ་མཐོན་པོར་བཏོན་པར་མ་ཟད་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད་ལ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་། ཏང་ཡོན་གྱི་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་འཆད་ཁྲིད་སོགས་རྣམ་པ་སྣ་ཚོགས་བརྒྱུད་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོར་ནན་པོ་དང་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་གཏོད་ཡོད་པ་རེད།

བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་དོན་ཁྲོད། གསེར་ཆེན་རྫོང་གིས་རིམ་པ་སོས་སོའི་སྡེ་ཁག་དང་རིམ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ། བརྗོད་དོན་གཙོ་བོའི་སློབ་གསོར་སྣེ་ཁྲིད་དང་གཅིག་སྡུད་སློབ་སྦྱོང་ཏན་ཏིག་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། གསར་གཏོད་མཐོར་གཏོང་། ལག་ལེན་ལ་མཛུབ་ཁྲིད་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། བསམ་བློ་དང་། བཀོལ་སྤྱོད། ཀུན་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱས་ཏེ་དད་སེམས་ཀྱི་རྨང་གཞི་དང་། སྙིང་སྟོབས་ཇེ་བརྟན་དུ་གཏང་བ། བསམ་བློ་བརྟན་པོ་ཡོང་བ་བཅས་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་གུས་ལུགས་དང་དུས་ཆེན་ཉུང་དུ་བཏང་སྟེ་གནད་དོན་གྱི་ཕྱོགས་སུ་སྐྱོད་པ་དང་། དཀའ་ངལ་གྱི་ཕྱོགས་སུ་སྐྱོད་པ། དོན་འཁྱོལ་གྱི་ཕྱོགས་སུ་སྐྱོད་པ། ཞབས་ཞུའི་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས། མི་སེར་གྱི་དཀའ་ངལ་སེལ་བ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏང་བ། རིག་སྟོབས་གཅིག་ཏུ་བསྡུས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་། རྫོང་ལ་བརྟེན་ནས་གྲོང་ཁྱེར་དུ་བསྒྱུར་བའི་གོ་སྐབས་དམ་འཛིན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་འཚེ་མེད་ཐོན་ལས་མ་ལག་འཛུགས་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏང་བ། འཕེལ་རྒྱས་ལ་སྣེ་ཁྲིད་དང་། མང་ཚོགས་ལ་ཞབས་ཞུ། ཕྱུག་འགྱུར་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏང་བ་བཅས་བྱས་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་། དོན་དངོས་སུ་སྤེལ་བ། སེམས་ལ་ཟུག་པ་བཅས་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།