ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཆ་སྒྲིག་མཉམ་སྐྲུན་སློབ་ཁྲིད་ས་ཚིགས་ཀྱི་སྒོ་བྱང་བཀལ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9ཚེས23ཉིན་མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཆ་སྒྲིག་མཉམ་སྐྲུན་བྱས་པའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྟེ། མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་ངམ་སྟོད་གྲོང་རྡལ་དཀར་བོ་ཐང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་སྒོ་བྱང་བཀལ་བ་རེད། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཐིང་ཀྲང་ལུའུ་ཉིང་ཨན་དང་མཱ་ཡུས་དབྱིང་གིས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ནས་སློབ་ཁྲིད་ས་ཚིགས་ཀྱི་སློབ་མ་ཚོར་སློབ་གོས་གསར་པ་གྱོན་པ་དང་དཔེ་ཁུག་དང་སློབ་སྦྱོང་ཡོ་བྱད་སྤྲད་པ་མ་ཟད། དམིགས་བསལ་དུད་ཚང་དབུལ་པོ་23ལ་འགན་བཅོལ་དངུལ་སྒོར་ཁྲི་2100ཟིན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ(མི་རེར་ཆ་སྙོམས་ཁྲི་20)དང་ཁྲི་རེར་སྨན་བཅོས་འགན་བཅོལ(མི་རེར་ཁྲི་1)སྤྲད་པ་རེད།

འདི་ལོ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྐོར་གྱི་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ་སྔ་རྗེས་སུ་ཀ་བོ་ཐང་གྲོང་ཚོར་བརྟག་ཞིབ་ཐེངས་4བྱས་པ་རེད། ཀ་བོ་ཐང་གྲོང་ཚོའི་བུད་མེད་དང་བྱིས་པའི་གཞིས་ལུས་ཅུང་མང་བ་དང་། སློབ་ཁྲིད་ས་ཚིགས་ལོ་མང་ཉམས་གསོ་མི་ཐུབ་པ། སློབ་ཁྲིད་སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་མེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་འཕྲལ་མར་ལས་བྱེད་ལས་བཟོ་ཡོངས་ལ་ཞལ་འདེབས་འབུལ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཆེད་མི་དམིགས་འཛུགས་ཀྱིས་འགན་འཁུར་དུ་བཅུག་ནས་ཀ་བོ་ཐང་གྲོང་ཚོའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱས་པ་རེད།

དེ་དང་ཆབས་ཅིག་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མཉམ་སྐྲུན་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་དང་། ཅང་ཐའེ་འགན་བཅོལ་གཉེར་སྐྱོང་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི་དང་མཉམ་དུ་སློབ་གྲྭའི་སློབ་ཁང་ཉམས་གསོ་དང་། སློབ་སྦྱོང་གི་དཔེ་དེབ་དང་སློབ་སྦྱོང་གི་དཔེ་སྒྲོམ་སྒྲིག་སྦྱོར་བྱས་པ། དུད་ཚང་དབུལ་པོའི་དོན་དངོས་ལ་གཞིགས་ནས་རིན་མེད་ངང་མཉམ་སྡེབ་འགན་བཅོལ་སྤྲད་པ་བཅས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལེགས་སྐྱེས་ཕུལ་ཡོད་པ་རེད།