མཚོ་སྔོན་ཞིང་ཆེན་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་ལས་གྲྭ་ལག་བསྟར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཡུས་དང་མཉམ་དུ་ཉིན་ཤས་གོང《མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་ལས་གྲྭའི་ལག་བསྟར་ཇུས་གཞི》བཏོན་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མཚོ་སྔོན་ཞིང་ཆེན་གྱི་སྲུང་སྐྱོང་རྒྱུན་འཛིན་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། མིག་སྔར་འབྲེལ་ཡོད་ལས་དོན་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱེད་བཞིན་ཡོད།

རང་ཞིང་གིས་སྲུང་སྐྱོང་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཐོན་ཁུངས་ཡོངས་བཤེར་ཆེ་མོ་བྱས་ནས་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་བདམས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་འཆར་འགོད་བཟོ་དགོས། མཚོ་སྔོན་གྱི་རིག་གནས་དྲན་ཤེས་འདུ་འགོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ཐོ་འགོད་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ཡོད། ཐོན་ཁུངས་ཀྱི་གཞི་གྲངས་མཛོད་འཛུགས་པ་སོགས་ཚུད་ཡོད། སྲུང་སྐྱོང་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་དཔུང་ཁག་རྒྱ་སྐྱེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་རྒྱུན་འཛིན་དེ་དེང་རབས་ཞབས་ཞུའི་ལས་རིགས་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བ་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ཞབས་ཞུར་བསྒྱུར་བ་དང་སྲོལ་རྒྱུན་གྱི་སྤུས་རྟགས་སྔོག་འདོན་དང་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཚེམ་དྲུབ་སྤུས་རྟགས་གཏོད་རྒྱུ་རེད། མངོན་མིན་རིག་གནས་ཤུལ་བཞག་གསར་སྐྲུན་ཐོན་ལས་སྡེ་ཁུལ། ཁྱད་ལྡན་ཁྲོམ་གཞུང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ས་གནས་ཁག་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་། རང་ཚུགས་ཀྱི་ཤེས་བྱའི་ཐོན་དབང་ལྡན་པའི་མཚོ་སྔོན་གྱི་མཆེད་སྐྱེའི་ཚོང་རྟགས་དང་། མི་རིགས་རིག་གནས་ས་ཁམས་མཚོན་རྟགས། མི་རིགས་རིག་གནས་ས་ཁོངས་ཀྱི་སྤུས་རྟགས་བཅས་ཁག་གཅིག་སྐྱེད་སྲིང་བྱེད་པ། སྲོལ་རྒྱུན་གྱི་བཟོ་རྩལ་དར་སྤེལ་དང“དྲ་སྦྲེལ+དབུལ་སྐྱོར”གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ཐོག་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་ཐོན་ཁུངས་སྔོག་འདོན་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། འགྲེམས་སྟོན་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།