མཚོ་སྔོན་གྱི་ལྗང་མདོག་སྣོད་བཅུད་ཐོན་རྫས་གཟའ་འཁོར་རྗེས་མར་ཨུ་རུ་སུར་སྟོན་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9ཚེས24ཉིན་ནས་ཚེས27ཉིན་བར་མཚོ་སྔོན་གྱི་ལྗང་མདོག་སྣོད་བཅུད་ཐོན་རྫས་ཨུ་རུ་སུའི་རྒྱལ་སྤྱིའི་བཟའ་བཅའ་འགྲེམས་ཚོགས་སྐབས་28པའི་ཐོག་སྟོན་རྒྱུ་ཡིན་ཞིང་། ཡོ་རོབ་པས་སྐྱོན་འཚོལ་བའི་བྲོ་བ་བཏུལ་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛམ་གླིང་དུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

ལོ་ལྟར་ཨུ་རུ་སུའི་རྒྱལ་སྤྱིའི་བཟའ་བཅའི་འགྲེམས་ཚོགས་སྐབས་དང་པོ་ནི་ཨུ་རུ་སུ་དང་ཡོ་རོབ་ཤར་མའི་ས་ཁུལ་གྱི་བཟའ་བཅའི་ལས་རིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཆེད་ལས་འགྲེམས་ཚོགས་ཤིག་རེད། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་57100ཟིན་པ་དེས་རྒྱལ་ཁབ་90དང་ཁེ་ལས་1550འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཚོང་པ་32000ཟིན་པ་དེ་ནི་སྤུས་རྟགས་ཚོང་ཟོག་དང་སྤུས་རྟགས་ཁེ་ལས་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་ནུས་ལྡན་ཞིག་རེད།

འདི་ལོ་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱད་ལྡན་བཟའ་བཅའི་ཁེ་ལས་37གྱི་སྣེ་ཁྲིད་དེ་མཚོ་སྔོན་གྱི་འཐུས་མི་ཚོགས་པ་བཙུགས་ནས་མོ་སི་ཁོར་གཉེར་བའི་ཨུ་རུ་སུའི་རྒྱལ་སྤྱིའི་བཟའ་བཅའ་འགྲེམས་ཚོགས་སྐབས་28པར་ཞུགས་པ་དང་འབྲེལ་ཆེད་མངགས་གདན་ཞུའི་སྐུ་མགྲོན་གྱི་ངོས་ནས་འགོ་ཚུགས་མཛད་སྒོར་ཞུགས་ཏེ་དེ་བས་རང་འགུལ་གྱི་ཉམས་འགྱུར་དང་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་དྲིལ་བསྒྲགས་བྱས་ཏེ་མཚོ་སྔོན་གྱི་སྤུས་རྟགས་ཁེ་ལས་ཀྱི་ཁྲོམ་ར་ཅན་གྱི་བསམ་གཞིག་དང་རྒྱལ་སྤྱི་ཅན་གྱི་མིག་རྒྱང་ཆེ་རུ་བཏང་སྟེ་རང་ཞིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

དེ་ནི་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་གྱི་སྤུས་རྟགས་ཁེ་ལས་སྣེ་ཁྲིད་དེ་ཕྱི་རྒྱལ་གྱི་ཁྲོམ་རར་དོ་ཁུར་བྱེད་ཐེངས་གཉིས་པ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཏུ་བསྐྱོད་པ་ཞིག་རེད། ན་ནིང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་འགུལ་ངང“རྒྱུད་གཅིག་ལམ་གཅིག”ནང་ཞུགས་ནས་མཚོ་སྔོན་གྱི་སྤུས་རྟགས་ཁེ་ལས་67སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་བསྐྱོད་དེ་ཧ་སག་སི་ཐན་དང་ཀྲུང་གོའི་ཚོང་ཟོག་འགྲེམས་ཚོགས་སྐབས་བཅུ་དྲུག་པར་ཞུགས་པ་དང་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་རྣམ་པའི་ཐོག་ནས་མཚོ་སྔོན་འགྲེམས་ཁང་ཐོག་མར་བཙུགས་ཏེ་འགྲེམས་སྟོན་འགྲེམས་སྟོན་དང་། བརྗོད་དོན་གཙོ་བོའི་འོས་སྦྱོར། འབྲེལ་མཐུད། ཚོང་དོན་རྟོག་ཞིབ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བ་རེད། མཉམ་ལས་ཀྱི་འདོད་འདུན་13དང་ཕྱིར་ཚོང་ལས་ཚབ་ཀྱི་གྲོས་མཐུན་3བཞག་པ་དེ་དག་དངུལ་འབོར་སྒོར་ཁྲི་7540དང་འབྲེལ་བ་ཡོད་པ་དང་། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ། མཚོ་སྔོན་གྱིས་ནུབ་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་འགྱུར་གསལ་པོ་བརྒྱུད་བསྒྲགས་བྱས་པ། མཚོ་སྔོན་གྱི་ཁེ་ལས་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དབར་མཉམ་ལས་གཏིང་ཟབ་དང་སྤེལ་རེས་ཀྱི་ལམ་བུ་བཏོད་པ་བཅས་རེད།

དེ་ཡང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས“མཛེས་སྡུག་ལྡན་པའི་མཚོ་སྔོན·སྣོད་བཅུད་སྤུས་རྟགས”ཀྱི་ཚོང་ཟོག་འོས་སྦྱོར་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་རེད། 2009ལོ་ནས་2018ལོ་བར་དེ་སྔའི་ཞིང་ཆེན་གྱིས་མཚོ་སྔོན་གྱི་སྤུས་རྟགས་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ“མཛེས་སྡུག་ལྡན་པའི་མཚོ་སྔོན·སྣོད་བཅུད་སྤུས་རྟགས”ཚོང་ཟོག་འོས་སྦྱོར་ཚོགས་འདུ་བསྟུད་མར་གཉེར་བ་དང་། ཁེ་ལས་ལྷག་མ་འགྲེམས་སྟོན་ནང་ཞུགས་པ་དང་འོས་སྦྱོར་བྱས་པས་མི་དེ་བས་མང་བས་མཚོ་སྔོན་གྱི་ཐོན་སྐྱེད་དང་། མཚོ་སྔོན་གྱི་ཐོན་སྐྱེད། མཚོ་སྔོན་གྱི་བཟོ་སྐྲུན། མཚོ་སྔོན་གྱི་གསར་གཏོད་བཅས་ཤེས་རྟོགས་ཐུབ་ནས་མཚོ་སྔོན་གྱི་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།