རྨ་ལྷོ་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཨུ་ལྷན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་གཏིང་ཟབ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ10ཚེས8ཉིན་རྨ་ལྷོ་ཁུལ་ཡིས་ཁུལ་ཨུད་ཀྱི་རྒྱུན་ཨུད(རྒྱ་ཆེ)ཚོགས་འདུ་འཚོགས་ནས་བློ་མཐུན་ཁོན་སྒྲོལ་ཐེའི“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུད་ཀྱི་གཏན་འབེབས་དང་། ཞིང་ཆེན་ཡོངས་ཀྱི་ཁག་གཉིས་པའི“འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་གློག་བརྙན《དྲན་འཆར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེན་ཁར་དོགས་ཟོན་བྱེད་པའི་འགྲན་སློང་ལ་དོགས་ཟོན་བྱེད་པ》ཞེས་པ་བལྟས་པ་མ་ཟད། འབྲེལ་ཡོད་ལས་དོན་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་བློ་མཐུན་ཁོན་ཐར་ལ“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུད་ཀྱི་གཏན་འབེབས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཁོན་ཐར་གྱི་བླ་ན་མེད་པའི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་སློབ་སྦྱོང་ནན་ཏན་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་དང་། བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཅིག་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐད་བྱ་སྤྱོད་མཐོང་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་ཏན་ཏིག་གཏོང་བ་དང་། ཕུགས་བསམ་ཆེན་པོ་བརྟན་དུ་གཏོང་བ། ཏན་ཏན་ཏིག་ཏིག་དང་ཏན་ཏིག་གི་སྒོ་ནས་“བྱས་རྗེས་གྲུབ་འབྲས་བདག་ལ་བརྟེན་མི་དགོས་”པའི་གོ་རྟོགས་ལ་བརྟེན་ནས་རང་གི་ལས་གནས་སུ་འཇོག་པ་དང་། རང་ཉིད་ཀྱི་དོན་དུ་སེམས་ཁྲལ་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་དུ་བྱ་བ་སྒྲུབ་པ། མི་དམངས་ཀྱི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་ཀྱི་ཆེད་དུ་བྲེལ་དཀའ་ཉེན་ལྗིད་གསུམ་གྱི་མདུན་དུ་སེམས་ཤུགས་ཡོད་རྒུ་བཏོན་ནས་བྱ་གཞག་སྒྲུབ་པའི་ཐད་སྤྱོད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ལས་ཀ་དམ་འཛིན་བྱེད་པའི་ཐད་སྤྱད་དེ་ཞིང་ཆེན་དང་། ཁུལ། ཨུ་ལྷན་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། རང་འགུལ་ངང་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་ལག་ལེན་རླབས་པོ་ཆེ་ཐུབ་པར་བྱེད་དགོས། གཉིས་ནི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བའི་ཐད་བྱ་སྤྱོད་མཐོང་ཐུབ་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་སྣ་ཚོགས་ཐག་གཅོད་ནན་ཏན་བྱས་ཏེ་དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་དོན་ལྷོད་གཡེང་གཏན་ནས་མི་གཏོང་བ་དང་། དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་པར་རང་འགན་གཞན་དཀྲི་གཏན་ནས་མི་བྱེད་པ། དམངས་འཚོའི་སྲིད་ཇུས་དོན་འཁྱོལ་བྱེད་པར་བཀག་འགོག་གཏན་ནས་མི་བྱེད་པ། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་བྱེད་དགོས། མང་ཚོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ་དང་སྤྲོ་སེམས་འཕེལ་བར་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ་བཅས་བྱེད་དགོས། གསུམ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་བྱ་སྤྱོད་སྤེལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོགཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ་ཡང་དག་འཛུགས་པ། བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། རྨ་ལྷོའི་བོད་འབྲེལ་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། བཅའ་ཁྲིམས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བཞི་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་བའི་ཐད་བྱ་སྤྱོད་མཐོང་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཆབ་སྲིད་ཀྱི་གཤིས་རྒྱུད་དང་། སྤྱི་ཞབས་པའི་བརྩེ་སེམས། གསར་བརྗེའི་སྙིང་སྟོབས། བླ་ན་མེད་པའི་བསམ་ཚུལ། སྤྱོད་ཚུལ་བཟང་པོ་སོགས་ཀྱི་ཐད་གནས་པའི་ཧེ་བག་དང་མི་འདང་ས་རྒྱུན་དུ་འཚོལ་ཞིབ་བྱེད་པ་དང་། སྔར་བས་རང་རྟོགས་ངང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་པ། ཏང་གིས་ཏང་དང་ཏང་ལ་དགའ་ཞེན་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ཚེ་གང་འབད་འཐབ་བྱེད་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། སེམས་སུ་འཆང་བ། དངོས་སུ་སྐྱོད་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ། གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་གཏིང་ཟབ་བྱེད་པ་དང་། མ་རྩོམ་སློབ་སྦྱོང་གི་མ་རྩོམ་རིག་པའི་རྩ་བའི་རིགས་པ་ཀློག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཤེས་རྟོགས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། རང་རྟོགས་ངང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསོ་བ་དང་རིགས་པའི་གཞུང་ལུགས་ཀྱིས་ལས་འགན་ལ་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས། གཞི་རིམ་གྱི་འཐབ་ས་དང་པོའི་ལས་སྒོའི་ལས་ཀ་བྲེལ་བ་ཆེ་བའི་དོན་དངོས་ལ་དམིགས་ནས“མཚན་མོའི་སློབ་སྦྱོང་འཛིན་གྲྭ”དང“གཟའ་མཇུག་འཛིན་གྲྭའི”བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་དང་ཞིབ་བསྡུར་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་དང་ལྡན་པ་”དང་ཏང་ཡོན་ལས་བྱེད་པའི་རྒྱང་ཁྲིད་སློབ་གསོ་སོགས་སློབ་སྦྱོང་གི་སྟེགས་བུ་གང་ལེགས་སྤྱད་དེ་སློབ་སྦྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་འཕྲིན་ཕྲན་སྤྱི་རྟགས་དང་བརྙན་ཐུང་སོགས་གསར་དར་སྨྱན་སྦྱོར་སྤྱད་དེ་ཡིད་དབང་འགུག་ནུས་དང་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནི་ཆེད་དོན་ཞིབ་བསྡུར་ལ་དམ་འཛིན་ཡག་པོ་བྱེད་དགོས། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། “འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགག་སྒྲོལ་དཀའ་སེལ་གྱི་སྣེ་ཁྲིད་དམག་བྱེད་པ་”ཞེས་པའི་ཆེད་དོན་ཞིབ་བསྡུར་སྤེལ་ནས། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་རེ་རེ་བཞིན་སྤེལ་རེས་བྱས་ཡོད། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་གཏམ་བཤད་ཀྱི་དཔྱད་གཞི་གྲ་སྒྲིག་ནན་ཏན་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་བཏོན་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་། ལས་དོན་ལེགས་བཅོས། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱས་པ་རེད། གཞི་རིམ་ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཏང་གི་ཚོ་ཆུང་ཚོགས་འདུ་སོགས་སྐོང་འཚོགས་བྱས་པ་བརྒྱུད་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་ཕན་ཚུན་བློ་སྒོ་འབྱེད་རེས་དང་མཐོར་འདེགས་བཏང་ཡོད། གསུམ་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་ནན་ཏན་བྱེད་པ། གཞི་རིམ་དང་ལས་བགོས་འགན་གཉེར་སྡེ་ཚན་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པ། དུས་ཚོད་དང་ས་གནས་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། སྡེབ་སྒྲིག་མི་བྱེད་པ་དང་། དམངས་ལ་རྙོག་དྲ་མི་བཟོ་བ། རིམ་པ་སྟར་ཆགས་ཀྱིས་ཕེབས་རོགས་མི་ཞུ་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་མི་གཏོང་བ། བརྟག་ཞིབ་ཐེངས་གྲངས་དང་ཉིན་གྲངས་གཏན་འཁེལ་འགྱུར་མེད་བཅས་བྱས་པ་རེད། བརྗོད་བྱའི་ནང་དོན་ཡོད་པའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཆགས་སུ་བཅུག་སྟེ། གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་ཡོད་པ། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ཡོད་པ་བཅས་བྱ་དགོས། བཞི་ནི་ཆེད་དོན་ཡག་པོ་བཤད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ཆེད་དོན་ཐེངས་གཅིག་གླེང་བ་དང་། ཚན་པའི་ཁོངས་མི་གཞན་དག་ལས་བགོས་འགན་གཉེར་ཁྱབ་ཁོངས་སུ་སྐྱོད་པའམ་ཡང་ན་གཏམ་བཤད་སྤེལ་ནས་ཐུན་མོང་ཐོག་“འགྲན་ར་ཁྲི་ཕྲག་གཞི་རིམ་དུ་སྐྱོད་”པར་སྐུལ་འདེད་བཏང་ཡོད། ཆེད་དོན་དམིགས་སའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སློབ་སྦྱོང་དང་བརྟག་ཞིབ་ཀྱི་གྲུབ་འབྲས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ངོས་འཛིན་དང་མྱོང་ཚོར་གཙོ་གནད་དུ་གླེང་བ། ཁྱད་པར་དང་མི་འདང་སར་གནས་པ། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་བཅས་གཙོ་གནད་དུ་བཟུང་སྟེ་དངོས་ཡོད་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། ལྔ་ནི་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རྟག་ཏུ་ཤང་གྲོང་དང་ལས་ཁུངས་དང་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཤེས་རྟོགས་དང་མཛུབ་ཁྲིད་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཡོད། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་སྐོར་སྐྱོད་མཛུབ་ཁྲིད་དང་། སྐབས་བསྟུན་ཟུར་བཤེར། བརྟག་དཔྱད་ཞིབ་འཇུག་དང་བཅར་འདྲི། ས་གནས་ས་ཐོག་ཏུ་ལྟ་ཞིབ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ཨུད་ཀྱི་ཡིག་ཆའི་དགོངས་དོན་ཁོང་དུ་ཆུད་པ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཐོན་སྲིད་པའི་ཕྱི་ཚུལ་རིང་ལུགས་དང་འཛོལ་ཆ་སྣ་ཚོགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས།

གློག་ཁྲིད་གློག་བརྙན《སྡུག་འབྱུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་བྱེད་པ》ཞེས་པ་གཅིག་སྡུད་ཐོག་བལྟས་པ་རེད། ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་བབ་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་བདེ་སྡོད་ཉེན་བསམ་དང་ཉེན་ཤེས་བདེ་འཚོལ་ཐོག་མཐའ་བར་གསུམ་དུ་བྱས་ཏེ་ཉེན་ཁ་སྔོན་འགོག་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མཐའ་ཚད་ཀྱི་བསམ་གཞིགས་དབྱེ་མཚམས་དང་ཉེན་ཁ་སྔོན་འགོག་ཏན་ཏིག་བྱས་ཏེ་ཉེན་ཁ་ཚོད་འཛིན་ཐུབ་པའི་ཁྱབ་ཁོངས་ནང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་རྨ་ལྷོའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། གཅིག་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།