རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་གསར་བསྒྲིགས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ་གཙོ་བོ་དག་ལ་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ9ཚེས23ཉིན་ནས་ཚེས26ཉིན་བར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དམངས་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་གསར་བསྒྲིགས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ་གཙོ་བོ་དག་ལ་ལས་དོན་གསབ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་གསར་བསྒྲིགས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ60ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་ཡོད་པ་རེད།

སྡེ་བའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལ་མཛུབ་སྟོན་དང་གཞི་རིམ་ལ་བཅོས་སྐྱོང་བྱེད་པ། མང་ཚོགས་ཁྲོད་ཞབས་ཞུའི་ནུས་པ་ཐོན་ཐུབ་པ་བཅས་ལ་ཤུགས་སྣོན་བྱེད་པ་དང་། གསར་བསྒྲིགས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ་གཙོ་བོ་དག་གི་སྒྲིག་ཁྲིམས་བརྩི་སྲུང་འདུ་ཤེས་དང་བཅའ་ཁྲིམས་འདུ་ཤེས། སྒྲིག་སྲོལ་འདུ་ཤེས་མཐོར་འདེགས་སུ་གཏོང་བ། འཕེལ་རྒྱས་ཆེ་བའི་སྡེ་བའི་གཅིག་བསྡུས་དཔལ་འབྱོར་མཐོར་འདེགས་སུ་གཏོང་བ། མང་ཚོགས་ལ་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱེད་པ། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ། སྡེ་བ་རིམ་པའི་ལས་དོན་ལ་བདག་གཉེར་བྱེད་པ། དམངས་ལ་ཞབས་ཞུ་སྒྲུབ་པའི་འགན་འཁྲིའི་ནུས་པ་ལག་བསྟར་བཅས་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《〈ཀྲུང་དབྱང་གི་ནག་སེལ་ངན་འཇོམས་སྐབས18པའི་ལྟ་སྐུལ་མཛུབ་སྟོན་རྩ་འཛུགས་ཀྱི་ལྟ་སྐུལ་མཛུབ་སྟོན་སྐོར་གྱི་བསམ་འཆར་དག་བསྒྲིགས་ཇུས་གཞིའི་བརྡ་སྦྱོར་དཔར་སྐྲུན་སྐོར〉》གྱི་རེ་འདུན་གཞིར་བཟུང་སྟེ། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་དེ་བསྡུས་པ་རེད།

ཐེངས་འདིའི་གསབ་སྦྱོང་གིས་གསར་བསྒྲིགས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ་གཙོ་བོ་དག་གི་དངོས་ཡོད་བྱ་བའི་དགོས་མཁོ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྡེ་བ་རིམ་པའི་ལས་དོན་བདག་དོམ་བཀོད་སྒྲིག་བྱས་ཤིང་། སྡེ་བའི་ལས་བྱེད་པ་དག་གིས་བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་ལ་སློབ་སྦྱོང་ནས་བཅའ་ཁྲིམས་བེད་སྤྱོད་བྱེད་པ། སྡེ་བའི་ལས་བྱེད་མི་སྣ་བཟང་པོ་ཞིག་ཇི་ལྟར་བྱེད་པ། སྡེ་བའི་ནང་ཁུལ་གྱི་ནག་ཕྱོགས་སྟོབས་ཤུགས་རྩ་མེད་དུ་གཏོང་བ་རྒྱུན་འཁྱོངས་སྒོས་གཞི་རིམ་གྱི་འཆམ་མཐུན་ཞི་བདེ་ལ་འགན་བཅོལ་བྱས། སྡེ་བའི་གཅིག་གྱུར་གྱི་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་དངོས་འབེབས་དོན་འཁྱོལ་བྱེད་པ། སྡེ་དོན་གྱི་ལྟ་སྐུལ་སློབ་གསོའི་ཨུ་ཡོན་ལྷན་ཚོགས་ཀྱི་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་ཤུགས་སྣོན་བྱས། ཆེད་དོན་བརྗོད་བྱའི་སློབ་ཁྲིད་དང་ཉམས་མྱོང་བརྗེ་རེས། བཞུགས་མོལ་དཔྱད་གླེང་གྲོས་སྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གསབ་སྦྱོང་མི་སྣ་དག་གི་དོགས་གཞིའི་དྲིས་ལན་མང་པོ་ཞིག་སེལ་བ་རེད། ཞིང་གྲོང་གི་བྱ་བ་དང་སྡེ་བ་རིམ་པའི་ལས་དོན་གྱི་བྱེད་ནུས་བདག་དོམ་སོགས་ཀྱང་མཐོར་འདེགས་སུ་བཏང་།

ཐེངས་འདིའི་གསབ་སྦྱོང་ལ་གསབ་སྦྱོང་ཁྲོད་ཟབ་ཞུགས་བྱས་པའི་སྡེ་བའི་ལས་བྱེད་མི་སྣ་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། ཐེངས་འདིའི་གསབ་སྦྱོང་བརྒྱུད་དེ་སྡེ་དོན་བདག་དོམ་བྱེད་པའི་ཁྲིམས་འཛིན་སྲིད་ཇུས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་དེ་དབུལ་ཐར་ཕྱུག་འགྱུར་གྱི་བསམ་བློའི་དགོངས་དོན་ལ་སྣེ་ཁྲིད་འོག་ཏང་གི་འགོ་ཁྲིད་དང་སྡེ་མིས་རང་བདག གཞི་རིམ་བཅོས་སྐྱོང་བཅས་ཀྱི་ངོས་འཛིན་དང་གོ་བ་ལེན་སྟབས་གཏིང་ཟབ་ཅན་ཏུ་བཏང་ནས། སྡེ་བའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་མི་སྣ་གཙོ་བོ་དག་གིས་ལས་དོན་ལས་འབྱེད་ཀྱི་བརྩོན་སེམས་རང་བཞིན་དང་རང་རྟོག་རང་བཞིན་ཡང་སྔར་ལས་མཐོར་འདེགས་སུ་བཏང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།