མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་གྲངས་རིག་སྡེ་ཁག་གི་ཤེས་བྱའི་འགྲན་སྡུར།

གཏན་ཚིགས་རིགས་པའི་ཁྱུང་ཆེན་ལ།།                 

ལྡིང་བའི་གཤོག་རླབས་འདི་ཡིས་སྩོལ།།

ཚན་རྩལ་འཕྲུལ་གྱི་ལྷ་ལམ་དུ།།

བགྲོད་པའི་རྐང་སྟེགས་འདི་ཡིས་བྱེད།།

སྟོན་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་། སྐྱེ་དངོས་ཀུན་ལ་འབྲས་བཟང་གི་སྙེ་མ་ལྡེམ་ལྡེམ་གཡོ་བ། སྨིན་ལེགས་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བསྐལ་བཟང་རྫོགས་ལྡན་གྱི་དུས་འདི་ཡིས་རྒྱལ་སྟོན་དུས་ཆེན་དགའ་བསུ་ཞུ་བ་དང་ཀུན་ནས་མཚུངས་ཤིང་། ཕྱོགས་སོ་སོའི་སློབ་གསོ་སྡེ་ཁག་གིས་ཏང་གི་སློབ་གསོའི་བྱ་བའི་དགོངས་དོན་ལ་སློབ་སྦྱོང་བྱས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་བཀྲམས་ལ། ཆུང་འབྲིང་སློབ་གྲྭའི་དགེ་སློབ་དག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་བྱ་བར་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། མེས་རྒྱལ་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ། ས་ཁུལ་ཁག་དང་ཚན་སྡེ་ཁག སློབ་གྲྭ་ཁག་ནས་སློབ་གསོའི་གཞི་རྩའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ཟབ་ཏུ་གཏོང་བ་དང་ཐོག་མའི་བསམ་འདུན་གྱི་འགན་འཁྲིའི་ཚོར་ཤེས་ཟབ་ཏུ་གཏོང་བའི་ཐད་ལ་སློབ་སྦྱོང་བྱས། དེ་དང་དུས་མཚུངས་སུ་ངེད་གྲངས་རིག་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་སྣ་མང་ཤེས་བྱའི་བྱེད་སྒོ་ཞིག་སྤེལ་རྒྱུའི་འཆར་གཞི་ལྟར། གྲངས་རིག་གི་རྨང་གཞིའི་ཤེས་བྱ་གང་མང་འདེམས་སྒྲིག་བྱས་ཏེ། ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་གྱི་ཉིན་གུང་དུས་ཚོད་གཅིག་སྟེང་ངེད་མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཉི་འོད་ཚོམས་ཆེན་དུ་སྣ་མང་ཤེས་བྱའི་བྱེད་སྒོ་ཞིག་སྤེལ་བ་ཡིན།

གྲངས་རིག་ནི་རྩིས་རྒྱག་རྒྱུ་ཁོ་ན་ཙམ་མ་ཡིན་པར་ཐབས་དང་བསམ་བློས་ཕྱུག་ཅིང་། ཐབས་མང་པོ་སློབ་སྦྱོང་བྱེད་རྒྱུ་ཡོད། ཐབས་དེ་དག་ལ་བྱང་ཆུབ་ན། གྲངས་རིག་ཡག་པོ་སྦྱང་ཐུབ་པ་མ་ཟད། འཚོ་བའི་ནང་གི་གནད་དོན་མང་པོ་སེལ་རོགས་བྱེད་ཐུབ་པས། རང་སློབ་གྲྭའི་སློབ་མའི་བློ་གྲོས་ཀྱི་པད་མོ་རྣམ་པར་འབྱེད་པ་དང་། སྦྱངས་བརྩོན་གྱི་མོས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ།ཕན་ཚུན་རྟིང་བསྐུལ་དང་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ལ་དམིགས་པ་ནས། སློབ་གྲོགས་རྣམས་ཀྱི་རྩིས་ཚན་རིག་པའི་སྤྲོ་བ་ཆེས་ཆེར་སྐྱེད་སྲིང་བྱ་ཆེད། ཁྱོན་བསྡོམས་དུས་ཚོད་ལྔ་ཡས་མས་ཀྱི་ཡུན་ལ་རྣམ་པ་གཟབ་རྒྱས་ངང་ཚོགས།

ཐེངས་འདིའི་བྱ་འགུལ་ཁྲོད་ལོ་རིམ་དང་པོའི་ཨང་དང་པོ་ཐོབ་མཁན་དམ་ཆོས་ནོར་བུ་དང་ཨང་གཉིས་པ་ཐོབ་མཁན་བན་འདེ།ཨང་གསུམ་པ་ཐོབ་མཁན་རིན་ཆེན་རྡོ་རྗེབཅས་ཡིན།ལོ་རིམ་གཉིས་པའི་ཨང་དང་པོ་ཐོབ་མཁན་ཕུར་བ་འཕྲིན་ལས་དང་།ཨང་གཉིས་པ་ཐོབ་མཁན་ཡུ་མོ་དང་ཐུབ་བསྟན་ཉི་མ།ཨང་གསུམ་པ་ཐོབ་མཁན་བསོད་ནམས་མཆོག་འགྲུབ་དང་འཛོམས་སྐྱིད་མཚོ་མོ།ཆོས་མཆོག་རྡོ་རྗེ་བཅས་ཡིན།

ལོ་རིམ་གསུམ་པའི་ཨང་དང་པོ་ཐོབ་མཁན་ཟླ་བ་རྒྱ་མཚོ་དང་།ཨང་གཉིས་པ་ཐོབ་མཁན་བསོད་ནམས་རིན་ཆེན།ཨང་གསུམ་པ་ཐོབ་མཁན་ངག་དབང་བཀྲ་ཤིས་དང་གཡང་འབུམ་ཚེ་རིང་གཉིས་ཡིན། ལོ་རིམ་བཞི་པའི་ཨང་དང་པོ་ཐོབ་མཁན་གདུགསདཀར་སྒྲོལ་མ་དང་། ཨང་གཉིས་པ་ཐོབ་མཁན་གུ་རི་སྐྱབས། ཨང་གསུམ་པ་ཐོབ་མཁན་བཀྲ་ཤིས་ནོར་བུ་ཡིན། ལོ་རིམ་ལྔ་བའི་ཨང་དང་པོ་ཐོབ་མཁན་དབྱངས་ཅན་ལྷ་མོ་དང་ཨང་གཉིས་པ་ཐོབ་མཁན་མཆོག་གསུམ་ལྷ་མོ། ཨང་གསུམ་པ་ཐོབ་མཁན་ཀུན་དགའ་ནོར་བུ་བཅས་ཡིན། ལོ་རིམ་དྲུག་པའི་ཨང་དང་པོ་ཐོབ་མཁན་དབང་ཆེན་ནོར་བུ་དང་། ཨང་གཉིས་པ་ཐོབ་མཁན་བསྟན་འཛིན་ཆོས་འཕེལ། ཨང་གསུམ་པ་ཐོབ་མཁན་ཚུལ་ཁྲིམས་སྒྲོལ་མ་བཅས་ཡིན། ལོ་རིམ་བདུན་པའི་ཨང་དང་པོ་ཐོབ་མཁན། སངས་རྒྱས་སྒྲོལ་མ་དང་། ཨང་གཉིས་པ་ཐོབ་མཁན་པད་མ་ཚེ་མཚོ། ཨང་གསུམ་པ་ཐོབ་མཁན་ཡིས་མོ་བཅས་ཡིན། ལོ་རིམ་བརྒྱད་པའི་ཨང་དང་པོ་ཐོབ་མཁན་རྟ་མགྲི་ཆོས་མཚོ་དང་། ཨང་གཉིས་པ་ཐོབ་མཁན་ཚེ་དབང་ལྷ་མོ་དང་འཇིགས་མེད་བསྟན་འཛིན། ཐུབ་བསྟན་དབང་ཕྱུག་བཅས་ཡིན། ཨང་གསུམ་པ་ཐོབ་མཁན་བདེ་ཆེན་ལྷ་མོ་དང་། པད་མ་གཡང་འཛོམས།སངས་རྒྱས་སྒྲོལ་མ་ཆེ་བ་བཅས་ཡིན།

དགེ་སློབ་མང་པོ་ཞིག་ཐེངས་འདིའི་གྲངས་རིག་གི་ཤེས་བྱའི་འགྲན་སྡུར་ཁྲོད་ཞུགས་པ་མ་ཟད།ཤེས་རིག་འགྲན་བསྡུར་འདིའི་ཐོག་མའི་དམིགས་པ་དང་། བར་གྱི་བྱེད་སྒོའི་རྣམ་པ་བཅས་ལ་དགེ་སློབ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་འདུགཐེངས་འདིའི་ཤེས་རིག་འགྲན་བསྡུར་བརྒྱུད་ནས། སློབ་མ་ཚོར་གྲངས་རིག་གི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་པ་མ་ཟད། གྲངས་རིག་ཀྱང་སྤྲོ་སྣང་དང་བཅས་སློབ་ཆོག་པའི་རིག་ཚན་ཞིག་ཡིན་པས། གལ་ཏེ་བརྩོན་པ་དང་སྤྲོ་བ་གཉིས་ཀྱི་སྒོ་ནས་གྲངས་རིག་ལ་སློབ་སྦྱོང་བྱས་པ་ཡིན་ན། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་ངེས་ཟིན་ཡང་ཐོབ་ཏུ་བཅུག་ཅིང་། མཐར་དགོང་མོ་དུས་ཚོད་ལྔའི་སྟེང་དགའ་སྤྲོ་དང་བཅས་ཐེངས་འདིའི་འགྲན་སྔུར་སྤྲོ་སེམས་དང་དགའ་འབོད་ཀྱི་ཁྲོད་ནས་ཡོངས་སུ་མཇུག་རྫོགས་སོང་།

གསར་འགོད་པ། བསམ་སྤྱོད།