རྨ་ཆུ་ཀུང་ཟིས2019ལོའི་སྐབས་དྲུག་པའི་ལས་ཁུངས་ལས་བྱེད་པའི་རོགས་སྒྲུབ་ལས་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། རྨ་ཆུ་ཀུང་ཟིས་དབུལ་སྐྱོར་མཁྲེགས་གཏོར་གྱི་རོགས་སྒྲུབ་ལག་བསྟར་ཇུས་གཞི་གཞིར་བཟུང་སྟེ། ཀུང་ཟིའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོར་ཟུང་འབྲེལ་སྒོས། ཟླ9ཚེས25ཉིན། རྨ་ཆུ་ཀུང་ཟིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་མི་སྣ5རྩ་འཛུགས་བྱས་ཏེ། གཏན་ཁེལ་དབུལ་སྐྱོར་སྡེ་བ་སྟེ་གཡང་འཁྱིལ་སྡེ་བ་རུ2019ལོའི་ལས་ཁུངས་ལས་བྱེད་མི་སྣའི་རོགས་སྒྲུབ་བྱ་བ་སྐབས་དྲུག་པ་སྤེལ།

ཁ་གཏད་དབུལ་སྐྱོར་བྱ་བའི་ཁྲོད་དབུལ་སྐྱོར་ལས་བྱེད་པ་དག་གིས་ཁ་གཏད་དབུལ་སྐྱོར་ཁྱིམ་ཚང་གི་ཁྱིམ་མིའི་ལུས་པོའི་བདེ་ཐང་གནས་ཚུལ་དང་བུ་བུ་མོའི་གཉེན་དོན། སློབ་གསོ་མྱངས་བའི་གནས་ཚུལ། ད་ལོ་ནོར་ལུག་སོགས་སྒོ་ཕྱུགས་ཕྱིར་འཚོང་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། ཁོ་ཚོའི་གནམ་གཤིས་ཇེ་འཁྱག་ལ་འགྲོ་བའི་སྐབས་ཀྱི་ལུས་པོའི་བདེ་སྲུང་ལ་གསལ་འདེབས་དང་ཁོ་ཚོར་འཚམས་འདྲིའི་ལེགས་སྐྱེས་དང་འཚམས་འདྲིའི་དངུལ་སོགས་གནང་བ་རེད།

“ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར”ནི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་ཡིན་པའི་གོ་རྟོགས་འོག གནད་འཁེལ་དབུལ་སྐྱོར་བྱ་བ་དེ་སྤེལ་བ་ནས་བཟུང་རྨ་ཆུ་ཀུང་ཟིས་དབུལ་བོར་རོགས་སྐྱོར་ཏང་ཡོན་དག་གིས“འབྱོར་འབྲིང་ལམ་དུ་དབུལ་ཕོངས་ཁྱིམ་ཚང་གཅིག་ལས་ལུས་མི་རུང་བའི”རྩ་དོན་གཞིར་བཟུང་སྟེ། སེམས་པ་དང་བརྩེ་སེམས་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྒྲུབ་བྱས་ཤིང་། ཁོ་ཚོར་སྲིད་ཇུས་གླེང་བ་དང་རྒྱུན་ལྡན་གྱི་འཚོ་བ་གླེང་བ། མ་འོངས་བ་གླེང་བ་བཅས་ཀྱིས་ཕན་ཚུན་བར་གྱི་མཛའ་བརྩེ་དེ་སྔར་ལས་ཇེ་ཟབ་ལ་བཏང་། དེས་མི་ཚད་ཁོ་ཚོར་རྒྱལ་ཁབ་ཀྱི་ཇུས་གཞི་དང་སྲིད་ཇུས་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཁོ་ཚོར་ཏང་དང་རྒྱལ་ཁབ་ཀྱི་བརྩེ་བའི་དྲོད་ཁོལ་དངོས་སུ་མྱངས་དུ་བཅུག་ནས། གོམ་གང་མདུན་སྤོས་སྒོས་དབུལ་ཐར་ཕྱུག་འགྱུར་གྱི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་སྟེ་ནང་སེམས་ཀྱི་སྒུལ་ཤུགས་མཐོར་འདེགས་སུ་བཏང་།

མིག་སྔའི་བར་དུ་རྨ་ཆུ་ཀུང་ཟིས་ལས་ཁུངས་དང་སྔོ་རྒྱ་འགག་གློག་འདོན་ཡན་ལག་ཀུང་ཟི་ཡིས་རོགས་སྐྱོར་བྱ་བ་སྒྲུབ་ཡུལ་མི་གྲངས321ལ་རོགས་སྒྲུབ་ལག་བསྟར་དངོས་འབེབས་བྱས་ཤིང་། ཁ་གཏད་རོགས་སྐྱོར་དང་འཚམས་འདྲིའི་མ་དངུལ་སྒོར་ཁྲི6ལྷག་གནང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།