ཡན་ཅིན་ཧའེ་ཡིས་རྟ་ཐང་རྫོང་གི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིན་གྲོང་རྡལ་ཏེ་ཅ་སྡེ་བ་དང་། ཅིན་དབྱང་གྲོང་རྡལ་ཐུའུ་ཀོན་སྡེ་བ། ཞིན་ཀྲོང་གྲོང་རྡལ་ལི་ཅ་སྡེ་བ་བཅས་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་ཚུལ་ལ་རྟོག་ཞིབ་བྱས།

ཡན་ཅིན་ཧའེ་ཡིས་གྲོང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བའི་ནང་གནས་ཀྱི་བླང་བྱ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ནུས་ལྡན་ཐངས་ལམ་ཞིག་ཀྱང་རེད ། གྲོང་ཚོའི་གཙང་སྦྲའི་ལག་ལེན་ཏན་ཏིག་སྤེལ་ནས་ཡུལ་བབ་དང་བསྟུན་ནས་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་སྟངས་དང་ལག་རྩལ་བདམས་ཏེ་གད་སྙིགས་དང་བཙོག་ཆུ་ཕྱིར་གཏོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། འཛུགས་སྐྲུན་དང་དོ་དམ་མཉམ་འཛིན་བྱས་ཏེ། སྤྱོད་ཁང་ལེགས་བཅོས་བྱེད་སྟངས་འོས་འཚམ་བདམས་ནས་སྐས་རིམ་བཞིན་སྐུལ་འདེད་གཏང་བ་དང་།འཛུགས་སྐྲུན་བྱས་རྗེས“བེད་སྤྱོད་ཡག་པོ་གཏང་མི་ཐུབ་པ་དང་སྤྱོད་མི་ཐུབ་པའི”གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་ནས་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏང་བའི་བཟོ་སྐྲུན་ལ་སྐུལ་འདེད་གཏང་བ་དང་། གྲོང་མིའི་གཅུན་སྡོམ་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ་ཞིང་པ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་ཞེས་བསྟན་པ་རེད། 

ལོ་ཙཱ་བ། ཀླུ་མོ།