མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་ལྟེ་གནས་ཀྱིས་སློབ་གསོའི་བརྗོད་དོན་གྱི་ཟུང་འབྲེལ་སློབ་སྦྱོང་དང་ཏང་ཡོན་ཁྲི་ཕྲག་གིས་གཞི་རིམ་དུ་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་བ།

“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་བྱ་འགུལ་དེ་གཏིང་ཟབ་དུ་སྤེལ་བ་དང་སློབ་སྦྱོང་གི་བྱེད་ཐབས་གསར་གཏོད་བྱེད་པ། གཅིག་བསྡུས་ཀྱི་སློབ་གསོའི་གྲུབ་འབྲས་གཏིང་ཟབ་དུ་སྤེལ་ཆེད། ཟླ9ཚེས23ཉིན། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཏང་ཡོན་ལས་བྱེད་པ་ཡོད་ཚད་མང་རྫོང་གི་སུམ་མདོ་གྲོང་རྡལ་གོང་བ་སྡེ་བར་སོང་སྟེ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”ལ་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་དང་“ཏང་ཡོན་ཁྲི་ཕྲག་གིས་གཞི་རིམ་དུ་སློབ་ཁྲིད་བྱེད་པའི”བྱ་འགུལ་སྤེལ།


ལྷ་དཔལ་སྐྱབས་ཀྱིས་བསྒྱུར།