རྐང་ཚ་རྫོང་གིས་རྫོང་ཨུའུ་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

——བརྗོད་དོན་སློབ་གསོ“བཀག་སྡོམ་ཅན”གྱི་སློབ་སྦྱོང་ཉིན་གསུམ་པའི་གཙོ་གནད་ཐོག་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ།

ཟླ༩བའི་ཚེས༢༣ཉིན་ལ། རྐང་ཚ་རྫོང་གིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས། རྫོང་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད་གཞོན་པ་ཡན་གྱི་ལས་བྱེད་པ་ཞུགས་པ། རྫོང་ཨུའུ་རྒྱུན་ཨུའམ་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཆོས་མེ་ཡིས་ཚོགས་འདུ་ལ་མདོ་འཛིན་མཛད།

ཁྲའོ་ཧྲི་ཧེ་ཡིས་མགོ་ཁྲིད་དེ“དུས་རབས་ཀྱི་མིག་དཔེ”ཀྲང་ཧྥུའུ་ཆིན་དང་ལེན་ཧྥུའུ་ཀྲང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ།

ཚོགས་འདུའི་ཐོག་རྫོང་ཨུའུ་ཏང་གི་སློབ་གྲྭའི་འཆད་ཁྲིད་པ་དགེ་རྒན་ཧྲི་ཞའོ་དབྱིན་གདན་ཞུ་གནང་ནས་འགོ་བརྗོད་དུ《ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན། འདུན་ལམ་གསར་བས་རྒྱང་ལ་བསྐྱོད》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས། “ཐོག་མའི་བསམ་འདུན་དང་ལས་འགན་གྱི་ཐོག་མའི་དོན་སྙིང”དང་། “ཉེ་རབས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས”“ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་དམངས་བསྐྱབ་པའི་འཚོལ་ཞིབ”བཅས་་རྒྱས་བཤད་གཏིང་ཟབ་བྱས། ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག་པའི་ཀྱག་ཀྱོག་གི་ལོ་ཟླ་སླར་ཡང་མངོན་པ་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཞིབ་ཚགས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་མིས“ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བའི”ཐོག་མའི་བསམ་འདུན་དང་ལས་འགན་དང་དེ་བཞིན་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དེ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།

དེའི་རྗེས་སུ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཁྲའོ་ཧྲི་ཧའེ་ཡིས། རྫོང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཆི་མེས། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཀྲང་ཆི། རྫོང་ཨུའི་རྒྱུན་ཨུའམ་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་བུན་ཞོན་གྱིས“དུས་རབས་ཀྱི་དཔེ་བཟང”ཀྲང་ཧྥུའུ་ཆིན་དང་། ལེན་ཧྥུའུ་ཀྲང་གི་སྔོན་ཐོན་བྱས་རྗེས། བློ་མཐུན་བང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིར“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་རེས་སྐོར་གསོ་སྦྱོང་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད།《དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུའི་རྩ་གནད》ཅེས་པའི་ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློ་ཡིན།

མཚོ་བྱང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བརྟན་པ་ཡིད་བཅངས་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས། རྫོང་ཨུད་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བརྟན་པོ་ཡིད་ལ་བཅངས་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གཉིས་སྟེ《ལས་ཀའི་ཇུས་གཞི》སོགས་ནང་དོན་བློ་ལ་བརྟན་པོར་བཅངས་ནས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་མཇུག་ཏུ་བརྙན་འཕྲིན་གྱི་སྲིད་དོན་རྣམ་བཤད་ཞེས་པའི《ལོ་བརྒྱའི་རླབས་རྒྱུན·ཀྲུང་གོའི་ཕུགས་འདུན》གྱི་ལེའུ༥བར་བལྟས་པ་རེད།

ཆི་མེ་ཡིས་ཚོགས་འདུར་མདོ་འཛིན་གནང་བ་དང་མཉམ་དུ་སྣེ་ཁྲིད་ནས་བློ་མཐུན་ཝང་ཅན་ཅུན་གྱི་ཞིང་ཆེན་དེ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་རེས་སྐོར་གསོ་སྦྱོང་གི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ལ་སློབ་སྦྱོང་བྱས་པ།

ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་དང་བེད་སྤྱོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། དོན་དངོས་ཀྱི་ཐོག་ནས་ཞི་ཅིན་ཕིང་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ལྟེ་བའི་གནས་བབ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བཅས་བྱེད་དགོས་པ་དང་།《ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་རྩ་གནད》དང་བརྗོད་དོན་གཙོ་བོའི་སློབ་གསོ་གཉིས་ཟུང་འབྲེལ་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བློ་བརྟན་འགྱུར་མེད་ཀྱི་དད་མོས་བྱེད་མཁན་དང་ཟོལ་མེད་ཀྱི་ལག་ལེན་བྱེད་མཁན་བྱེད་དགོས། འགན་འཁྲི་འཁྱེར་ནས་སློབ་སྦྱོང་བྱས་ཏེ་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་བྱ་ཆེད་རྨང་གཞི་བརྟན་པོ་འདང་དགོས། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཞིབ་བསྡུར་བྱས་ནས་རང་ཉིད་དེའི་ནང་ཞུགས་པ་དང་། བསམ་བློ་དེའི་ནང་བཅུག་པ། ལས་དོན་དེའི་ནང་ཞུགས་པ། གནད་དོན་རྩད་གཅོད་གཏིང་ཟབ་བཅས་བྱས་ཏེ་སློབ་སྦྱོང་གི་དུས་ཚོད་རང་བཞིན་མཐོ་རུ་ནན་ཏན་གཏོང་དགོས།

ཀྲང་ཆི་ཡིས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད》ཅེས་པ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཞིག་རེད།

ཚོགས་འདུའི་ཐོག་ནན་གྱིས་བཤད་དོན། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར“འདུ་ཤེས་བཞི”སྔར་བས་སྲ་བརྟན་དུ་གཏོང་བ་དང་།“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཐམས་ཅད་ཀྱིས་ཏང་གི་དམིགས་ཡུལ་དང་ཏང་གི་དད་སེམས་ལ་བརྟེན་ནས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་བློ་མཐུན་ལྟེ་བར་བྱས་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་གོ་གནས་མཐའ་འཁྱོངས་དང་།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་ངེས་པ།“རྒྱུགས་སྤྲོད་པའི་སེམས་ཁམས”རྒྱུན་འཁྱོངས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ངང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བ་ཚང་མ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།

བུན་ཞོན་གྱིས་མགོ་ཁྲིད་ནས་མཚོ་བྱང་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྙིང་བོ་དང་རྫོང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་གཉིས་ཀྱི་བྱ་བའི་ཇུས་གཞི་སློབ་སྦྱོང་བྱས།

གྲོས་ཚོགས་ཐོག་བླང་བྱ་བསྟན་དོན། འགན་འཁུར་ཕོད་པ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པ། བྱེད་ཕོད་པའི་དབར་གྱི་གདམ་ག་མི་བྱེད་པར་རང་ལ་ཐོབ་མིན་དང་ལག་ཏུ་ཤོར་བར་ཐེ་ཚོམ་མེད་པ།མི་དམངས་ཀྱི་བདེ་སྐྱིད་དང་ཏང་གི་བྱ་གཞག་གི་ཆེད་དུ་ཐེ་ཚོམ་མི་བྱེད་པ། གཞན་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པ། དོན་དངོས་ཡོད་ཚད་སེམས་ནུས་ཡོད་རྒུ་དོན་སྒྲུབ་ཏེ་འབད་བརྩོན་ཆེན་པོས་དོན་འཁྱོལ་དམ་འཛིན་བྱེད་པ། འགན་འཁྲི་འཁུར་བ་དང་དོན་དངོས་སྒྲུབ་པར་བརྟེན་ནས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་དགོས། དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། དབང་ཆ་དམངས་དོན་དུ་སྤྱོད་པ་དང་། བརྩེ་སེམས་དམངས་དོན་དུ་འཆང་བ་དང་ཁེ་ཕན་དམངས་དོན་དུ་གཉེར་བ་བཅས་མཐའ་འཁྱོངས་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལ་གུས་ཤིང་བརྩི་བའི་བསམ་པ་མཐའ་འཁྱོངས། དབང་ཆའི་ལྟ་བ་དང་། འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་འཛུགས་པ། སྒེར་སེམས་སྣ་ཚོགས་འདོར་བ།ཉམས་སད་ཐེག་ཐུབ་པ། རྩ་བའི་ཚད་ཐིག་ལས་མི་བརྒལ་བ་བཅས་བྱས་ནས་མང་ཚོགས་ལ་བློ་ཡིད་ཚིམ་པའི་བྱ་བ་ཡག་པོར་འཁྱོང་རྒྱུ།

ཧྲི་ཞོ་དབྱིན་གྱིས་ཁ་བྱང་ལ་《ཐོག་མའི་བསམ་འདུན་མི་བརྗེད་པར།།འགན་འཁྲི་ཡིད་ལ་དམ་པོར་ཆོངས།། འདུན་ལམ་གསར་བས་རྒྱང་ལ་བསྐྱོད》ཞེས་པ་ཆེད་དུ་སྒྲོག་འགྲེལ་བྱས།

སློབ་སྦྱོང་ཚོགས་འདུ་མཇུག་བསྒྲིལ་རྗེས། ཚོགས་ཞུགས་མི་སྣས། 《དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུའི་རྩ་གནད》སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”སྔར་བས་བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་ཀྱི་ངེས་ཤུགས་བཅས་ཤུགས་ཆེ་རུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་འབྲས་བུ་སྨིན་པར་བྱེད་པ། ཆབ་སྲིད་ཀྱི་བསམ་བློ་ཡང་དག་པ། ལས་སྒྲུབ་གསར་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་སེལ་བ་ཕོད་པ། སྤྱོད་གཙང་གཞུང་དྲང་གི་མིག་དཔེ་སྟོན་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས།

《ལོ་བརྒྱའི་རླབས་རྒྱུན་དང་ཀྲུང་གོའི་ཕུགས་འདུན》ལ་ལྟ་བ།

གསར་འགོད་པ། ཚེ་དབང་རིག་འཛིན།