དཔའ་ལུང་རྫོང་གིས་གཏུག་འཕྲིན་ཐོ་འགོད་དོ་དོམ་ལ་ཐབས་ལམ་གསར་གཏོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཞིང་ཆེན་ཡོངས་ཀྱིས“གཞི་རིམ་འཛུགས་སྐྲུན་ལོ་འཁོར”གྱི་བྱ་འགུལ་སྤེལ་བ་བརྒྱུད། དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་རྫོང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་གཙོ་བོར་བཟུང་སྟེ། བྱ་བའི་བསམ་ཕྱོགས་གསར་གཏོད་བྱས་པ་དང་། བདག་དོམ་སྒྲིག་སྲོལ་ཅན་དང་བྱ་བ་ཁྲིམས་སྲོལ་ཅན། རུ་དཔུང་སྒྲིག་སྲོལ་ཅན”བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་མངོན་འགྱུར་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་ངེས་ཅན་ཞིག་ཐེབས་པར་བྱས་པ་རེད།

ད་ལོ་ནས་བཟུང་། དཔའ་ལུང་རྫོང་གིས་གྲོང་ཁྱེར་ཡོངས་ཀྱི་གཏུག་འཕྲིན་གྱོད་དོན་ཐོ་འགོད་བདག་དོམ་བརྒྱུད་རིམ་གཙོར་བཟུང་སྟེ། གཏུག་འཕྲིན་སྙན་གསེང་བརྒྱུད་རིམ་ཧྲིལ་བོར་འགན་སྲུང་ཁག་ཐེག་བྱས་ནས་ཁ་ཕྱོགས་གསལ་བོར་བསྟན། གྱོད་དོན་གཙོར་སྒྲུབ་བརྒྱུད་རིམ་ཁྲོད་དུས་བཅད་ལྟར་འགན་སྒྲུབ་ཚན་ཁག་སོ་སོའི་བར་གྱི་ཕྱིར་ལྡོག་དྲིས་ལན་གཞིར་བཟུང་སྟེ། དུས་ལྟར་གྱོད་སྒྲུབ་མཚོན་རྟགས་ལག་བསྟར་སྒོས་ཕན་འབྲས་དངོས་ཀྱི་སྒྲུབ་སྟངས་ཆེས་ཆེར་བཏང་བ་མ་ཟད། གཏུག་འཕྲིན་ཐག་གཅོད་བྱེད་པའི་ལམ་ལུགས་དེ་འཁོར་སྐྱོད་ཅན་ཏུ་གཏོང་རྒྱུ་མངོན་འགྱུར་བྱས། ཡི་གེའི་རྣམ་གཞག་དང་རེའུ་མིག་གི་རྣམ་གཞག་གཅིག་གྱུར་བྱས་ཏེ། གོམ་གང་མདུན་སྤོས་སྒོས་གཏུག་འཕྲིན་གྱོད་དོན་སྙན་གསེང་སྒྲིག་སྲོལ་ཅན་ཏུ་བཏང་། སྒྲིག་ཁྲིམས་ཞིབ་བཤེར་འདྲི་གཅོད་དང་ལྟ་སྐུལ་ཞིབ་བཤེར་རྩད་གཅོད། གྱོད་དོན་ཐག་གཅོད་བྱ་བ་བཅས་ལེགས་པོར་སྒྲུབ་སྟེ། ནང་དུ་འཛུལ་བ་ནས་སྒོར་འབུད་པའི་བར་ལ་གཟབ་ནན་སྒོས་ཞིབ་བཤེར་གནད་དུ་ཁེལ་བ་ཞིག་བྱས་ནས། གྱོད་དོན་འབྱུང་བ་སྔོན་འགོག་བྱས། དེ་དང་ཆབས་ཅིག་ལས་བྱེད་པའི་ཆེད་ལས་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་ལྟ་སྐུལ་སྒྲིག་ཁྲིམས་ཞིབ་བཤེར་སྒོས་ཏང་ཡིག་ལ་སློབ་སྦྱོང་ནན་མོ་དང་རྩ་ཁྲིམས་ལ་སློབ་སྦྱོང་ནན་མོ་བྱེད་པ། ལྟ་སྐུལ་བཅའ་ཁྲིམས་དང་《སྒྲིག་སྲོལ། 》 《གཏན་འབེབས》བཅས་ཀྱི་རྨང་གཞིའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་ཁྲོད་ཀྱི་གསབ་སྦྱོང་སློབ་ཁྲིད་རབ་དང་རིམ་པ་མང་པོ་ཞིག་ལ་སློབ་སྦྱོང་བྱས་ནས། རྫོང་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་མ་ལག་གིས་ཤེས་བྱའི་འགྲན་སྡུར་སྤེལ་བ་དང་རྩལ་ནུས་ལེགས་པོ་སྦྱོང་བ། ལས་རྐང་ཁྲོད་ཀྱི་མི་སྣ་ནུས་པ་ཅན་དཔྱད་འདེམས་བྱེད་པ། ཉམས་མྱོང་བརྗེ་རེས་བྱེད་པ། ཕུལ་བྱུང་གྱོད་དོན་དཔེར་མཚོན་ཅན་ལ་ཞིབ་སྡུར་བྱ་འགུལ་སྤེལ་བ་བཅས་ཀྱིས་ལས་བྱེད་པའི་ཆེད་ལས་ནུས་པའི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་ཡོད།

དེ་དང་ཆབས་ཅིག་དཔའ་ལུང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་སྒོས་དུས་ཡུན་གཟའ་འཁོར་གཅིག་བེད་སྤྱད་ནས་སློབ་སྦྱོང་གི་གྲོས་ཚོགས་བསྡུས་ནས། རྒྱ་ཆེའི་ལས་བྱེད་པ་དག་ལ《ཐོག་མའི་བསམ་འདུན་དང་འགན་འཁྲི》ཞེས་པའི་རིམ་བསྟར་དངོས་བཤུས་གློག་བརྙན་བཏང་བ་དང་། ལས་བྱེད་མི་སྣའི་ཏང་གཤིས་སློབ་གསོར་ཤུགས་སྣོན་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་གྱི་ལས་བྱེད་པའི་དོན་དངོས་ལ་ཟུང་འབྲེལ་གྱིས་སློབ་སྦྱོང་ལ་སྐུལ་འདེད་དང་བསམ་བློ་ལ་སྐུལ་འདེད། ལས་སྒྲུབ་ལ་སྐུལ་འདེད། སྒྲིག་ཁྲིམས་ཞིབ་བཤེར་ལ་སྐུལ་འདེད་བཅས་ཀྱིས་རང་འགན་ཕྲག་ཏུ་བླངས་ཏེ་བྱས་རྗེས་དངོས་བཞག་པ་རེད། སྒྲིག་ཁྲིམས་ལས་བྱེད་མི་སྣའི་ལྟ་སྐུལ་བདག་དོམ་ལ་ཤུགས་བསྣན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ལྟ་སྐུལ་དེ་དུས་ཚོད་བརྒྱད་ཀྱི་ནང་ཚུན་ནས་དུས་ཚོད་བརྒྱད་ཀྱི་ཕན་དུ་བསྲིངས་བ་རེད། མིག་སྔའི་བར་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣ3གྱི་སྒྲིག་འགལ་ཁྲིམས་འགལ་བྱ་དངོས་ལ་འདྲི་གཅོད་ནན་མོ་བྱས། དེའི་ཁྲོད་ལས་བྱེད་པ2སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལས་ཕྱིར་འཕུད་བྱས་ཤི་། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་སྤྱོད་གཙང་གི་ཚད་གཞི་ལ་དངོས་ཡོད་ཀྱི་ཆ་ནས་འགན་སྲུང་ཁག་ཐེག་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།