འབའ་རྫོང་གིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དངུལ་བཏང་སྟེ་ཞིང་ཕྱུགས་ལས་ལ་རོགས་སྐྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།འབའ་རྗོང་གིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དངུལ་བསྟུད་མར་བཏང་སྟེ།སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་འཕྲུལ་ཆས་ཡོ་བྱད་མཁོ་འདོན་ལ་ཤུགས་སྣོན་དང་།ཞིང་ལས་འཕྲུལ་ཆས་ཀྱི་ཡོ་བྱད་མཐོར་འདེགས་གཏང་བ་གཙོ་གནད་དུ་བཟུང་སྟེ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་ཆུ་ཚད་དམའ་བའི་རྣམ་པ་རྙིང་བར་བཅོས་བསྒྱུར་བཏང་སྟེ། དམངས་ཕན་གྱི་སྲིད་ཇུས་མང་པོ་དངོས་འབེབ་ལག་བསྟར་སྒོས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་སྐས་རིམ་གསར་པ་ཞིག་ཏུ་བསྐྱལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འབའ་རྫོང་གི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ལྔ། དེ་བཞིན་ཞིང་ཆེན་གཟན་རྩྭའི་སོན་བཟང་སྐྱེ་འཕེལ་ར་བ་བཅས་ལ་ཁྱབ་པར་བྱས་ནས་རམ་འདེགས་དང་། ཁ་གསབ་ལམ་ལུགས་སྤྱོད་པ། “འཕྲུལ་འཁོར་རེར་ཨང་གྲངས་རེའི”ངོས་འཛིན་དོ་དམ་བཅས་བྱས་ནས་ཁ་གསབ་རེ་ཞུ་བདག་སྤྲོད་དང་། ཐོབ་ཐང་ཞིབ་བཤེར། ཞིབ་བཤེར་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཇེ་མགྱོགས་སུ་བཏང་བ་རེད། དེ་དང་ཆབས་ཅིག ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དངོས་དང་ཁ་གསབ་མ་དངུལ་གྱི་གཞི་ཁྱོན་ལ་གཞིགས་ནས། ཁ་གསབ་ཀྱི་ཁྱབ་ཁོངས་ལེགས་སུ་བཏང་སྟེ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ལ་ཁ་གསབ་རིགས་ཀྱི་ཁྱབ་ཁོངས་ནང་གི་ཁ་གསབ་དེ་གང་ཞིག་མི་འདང་བ་དང་། གང་ཞིག་ཁ་གསབ་བྱེད་པ། ། གང་ཞིག་མཁོ་ན་གང་ཞིག་ཁ་གསབ་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།