ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པ་ཧྲིན་ཀྲིན་གྱི་གྲགས་ཅན་དམངས་གཉེར་ཁེ་ལས་པའི་ཉེ་སར་བཅར་བ”ཞེས་པའི་སློབ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ9པའི་ཚེས20ཉིན་ནས་ཚེས22ཉིན་བར་དུ། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ནས། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པ་ཧྲིན་ཀྲིན་གྱི་གྲགས་ཅན་དམངས་གཉེར་ཁེ་ལས་ཀྱི་ཉེ་སར་བསྐྱོད་པ་ཞེས་པའི་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་བྱ་འགུལ་ལ་ཞུགས་པ་རེད།

ཁོང་ཡུང་གིས་བསྟན་དོན། མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྔར་ལས་སྟོབས་ལྡན་དུ་བསྒྱུར་བ་ལས་ཐོག་མར་རང་གི་ས་ནས་ཕྱི་ཕྱོགས་སུ་བསྐྱོད་དེ། དུས་རབས་ཀྱི་འཕར་རྩ་ལ་བརྟག་ཐུབ་པར་བྱས་ནས། རྗེས་མཐུན་མཉམ་སྐྱོད་མངོན་འགྱུར་དང་། ཧྲིན་ཀྲིན་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་གཡུལ་ས་མདུན་གྲས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོ་ཡིན་པ་ལས་གཞན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་བསྐྱོད་དཔེ་སྟོན་ས་ཁུལ་ཡང་ཡིན་ཟེར། མཚོ་སྔོན་དང་ཧྲིན་ཀྲིན་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དབར་དུ་མཛའ་མཐུན་གྱི་འབྲེལ་བ་གྲུབ་ཡོད་པས། རང་སོ་སོའི་ཉམས་མྱོང་བརྗེ་རེས་དང་ལེགས་ཆ་ཚུར་ལེན་དང་སློབ་སྦྱོང་བྱེད་པ། སྲིད་ཇུས་དང་མ་དངུལ་སོགས་ཀྱི་མཉམ་ལས་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད་དེ། ཕན་ཚུན་རོགས་རེས་གཉིས་རྒྱལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།