མགོ་ལོག་ཁུལ་གྱིས་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་བར་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན། ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ལ་དམིགས་ནས། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་དཔུང་ཁག6གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ།ཁྲིམས་སྐྱོང་དྲིལ་སྒྲོག་བྱ་ཡུལ་ལས་ཁུངས་དང་།སྡོད་ཁུལ(འབྲོག་ཁུལ)དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། སློབ་གྲྭ་སོགས་སུ་རྒྱུན་ཆད་མེད་པར་ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུ“ཁྱབ་ཁོངས་ཡོངས་སུ་ཁྱབ་པར་བྱས་པ་རེད།

“སུས་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་སུས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པའི་རྨང་གཞིའི་ཐོག་སྔ་རྗེས་སུ་ཁྲིམས་ལུགས་ཁྱབ་གདལ་འཆད་ཁྲིད་ཚོགས་པ་དང་། སྦག་སྦག་འཁོར་ལོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་རུ་ཁག རྟ་ཐོག་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་རུ་ཁག ན་གཞོན་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་རུ་ཁག གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པའི་དྲིལ་སྒྲོག་རུ་ཁག སྡེ་ཁུལ་དོ་དམ་མི་སྣའི་ཁྲིམས་ལུགས་ཁྱབ་གདལ་རུ་ཁག་སོགས་དཔུང་ཁག6བཙུགས་ནས། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སྟོབས་ཤུགས་རྒྱུན་ཆད་མེད་པར་གཞི་རིམ་དུ་བསྐྱོད་པ་དང་དཔུང་ཁག6གིས་ད་ལོའི་བར་ཁྲིམས་སྐྱོང་དྲིལ་སྒྲོག་ཐེངས233བྱས་པ་དང་མང་ཚོགས་མི་ཐེངས་ཁྲི6ལ་སློབ་གསོ་ཐེབས་པ་རེད། ཁྲིམས་སྐྱོང་དྲིལ་སྒྲོག་ལས་ཁུངས་སུ་སྤེལ་བའི་ཐད། ཁྲིམས་སྐྱོང་འཆད་ཁྲིད་ཚོགས་པའི་འཆད་ཁྲིད་དང་། ཏང་ཨུ་མཉམ་སྡེབ་དང་། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དང་སློབ་སྦྱོང་བྱེད་པའི་ལམ་ལུགས་ལག་ལེན་བྱས་པར་མ་ཟད། ཁྱབ་ཁོངས་ནང་བཅུག་ནས་ཁྲིམས་ལུགས་ཁྱབ་གདལ་གྱི“མཉེན་པོའི་ལས་འགན”དེ“མཁྲེགས་པོའི་དམིགས་ཚད”ལ་གྱུར་པར་བྱས་ཤིང་། ཁྲིམས་སྐྱོང་དྲིལ་སྒྲོག་སྡེ་ཁུལ་དུ་སྤེལ་བའི་ཐད་ཁྲིམས་སྐྱོང་རིག་གནས་ཐང་ཆེན8དང་། ཁྲིམས་སྐྱོང་རིག་གནས་བར་སྟོང6ཁྲིམས་སྐྱོང་རིག་གནས་ཁུལ་ཆུང་5ཁྲིམས་སྐྱོང་རིག་གནས་ཁྲོམ་གཞུང1བཅས་ལ་བརྟེན་ནས་དོ་དམ་པས་ཁྲིམས་སྐྱོང་དྲིལ་སྒྲོག་གི་འགན་འཁུར་དུ་བཅུག་སྟེ། ཁྲིམས་ལུགས་ཁྱབ་གདལ་དེ་སྡེ་ཁུལ་གྱི་ཐོག་ཁང་དང་ཡུལ་མིའི་ཁྱིམ་ཚང་དུ་ཁྱབ་པར་བྱས་ཡོད་པ་རེད། ཁྲིམས་སྐྱོང་དྲིལ་སྒྲོག་འབྲོག་ཁུལ་དང་དགོན་སྡེར་ཁྱབ་པ་དང་། “བདེ་འཇགས་དགོན་པ”བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ཏེ“སྤྲུལ་སྐུས་རྩ་ཁྲིམས་ལ་སྣང་ཆེན་བྱེད་པའི”བྱེད་སྒོ་སྤེལ་ནས་སྔ་རྗེས་སུ་ཏང་ཡོན80དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ཚོགས་ཆུང་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་7སྒྲིག་འཛུགས་བྱས་ཏེ་དགོན་སྡེར་བཅའ་སྡོད་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་ད་ལྟའི་བར་ཁྲིམས་སྐྱོང་དྲིལ་སྒྲོག་ཐེངས89བྱས་པ་དང་། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རྫོང་དྲུག་གིས་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་སྐད་འཕྲིན་སྤྱི་རྟགས་བཏོན་པ་དང་། སྐད་འཕྲིན་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་སྐད་གདངས་ཁྱབ་སྒྲོག་བྱས་པར་མ་ཟད། ལེ་ཚན་ཐེངས་66བསྟན་པ་བཅས་ཀྱི་ཐོག་ནས་དྲིལ་སྒྲོག་གི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད། གཞན་ཡང་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཁྲིམས་སྐྱོང་བཀོད་སྒྲིག་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པ་དང་ཟླ་རེར་ཁྲིམས་སྐྱོང་སློབ་ཚན་འཚོག་སྐབས་སློབ་ཚན་གཉིས་འཚོག་རྒྱུ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པའི་དཔུང་ཁག་སློབ་གྲྭར་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་།ད་ལོའི་བར་འཆད་ཁྲིད་དང་དྲིལ་སྒྲོག་ཐེངས67བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།