【 ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལོན་པརར་རྟེན་འབྲེལ་ཞུ་བ། 】

— མཚོ་སྔོན་གྱི་ན་ཆུང་བྱིས་པའི་ཟུར་ཁྲིད་དགེ་རྒན་གྱི་རྩལ་ནུས་འགྲན་ཚོགས་སྐབས་དང་པོ་མཇུག་བསྡུས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།     ཟླ9ཚེས24ཉིན་སྡེ་ཚོགས་ཞིང་ཏང་ཨུ་ཡིས་ཞིང་ཆེན་འགག་སྒོའི་བྱ་བའི་ཨུ་ལྷན་དང་། ཞིང་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་དཔལ་ཡོན་གཞུང་དོན་ཁང་། ཞིང་ཆེན་སློབ་གསོ་ཐིང་སོགས་ཚན་པ14དང་མཉམ་འབྲེལ་སྒོས་གཉེར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གིས་གཉེར་འགན་འཁུར་བའི“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་བར་རྟེན་འབྲེལ་ཞུ་བ། ལྔ་བཞིའི་ལས་འགུལ་ལོ་ངོ100ལོན་པར་དྲན་གསོ་ཞུ་བ། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་རིག་གནས་ཟུང་འབྲེལ”ཞེས་པའི་སྐབས་དང་པོའི་མཚོ་སྔོན་གྱི་ན་ཆུང་བྱིས་པའི་ཟུར་ཁྲིད་དགེ་རྒན་གྱི་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན་དེ་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་བྱ་འགུལ་ཁང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ་རེད། 

མཚོ་སྔོན་གྱི་ན་ཆུང་བྱིས་པའི་ཟུར་ཁྲིད་དགེ་རྒན་གྱི་རྩལ་ནུས་སྤེལ་རེས་འགྲེམས་སྟོན་སྐབས་དང་པོ་ལ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་། ཁུལ་དྲུག་གི་གཞོན་ནུ་ལོ་ཆུང་བྱ་འགུལ་ཁང་དང་དེ་བཞིན་སློབ་ཕྱིའི་སློབ་གསོའི་སྒྲིག་གཞིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། སློབ་ཕྱིའི་སློབ་གསོའི་དགེ་རྒན་བརྒྱ་ལྷག་ཙམ་སྤྲོ་སྣང་ཆེན་པོའི་ངང་ཚོགས་འདུར་ཞུགས་པ་དང་། འགྲན་བསྡུར་བསྐྱར་མ་བྱས་པ་བརྒྱུད་རོལ་དབྱངས་རིགས་དང་། མཛེས་རྩལ་རིགས། ཞབས་བྲོ་རིགས་བཅས་ཕུལ་བྱུང་དགེ་རྒན་སུམ་ཅུ་བདམས་ནས་ཐེངས་འདིའི་འཁྲབ་སྟོན་གྱི་རྟིང་འགྲན་ནང་ཞུགས་པ་རེད། 

རིགས་གཅིག་མཁས་ཅན་དཔྱད་འདེམས་ཨུ་ལྷན་གྱིས་ཡུལ་དངོས་སུ་ཞིབ་དཔྱད་དང་སྐར་མ་བརྒྱབ་པ་བརྒྱུད། ཞབས་བྲོའི་རིགས་དང་། རོལ་དབྱངས་རིགས། མཛེས་རྩལ་རིགས་བཅས་ཀྱི་བྱ་དགའ་ཐོབ་མཁན་དགེ་རྒན17། དཔྱད་འདེམས་བྱས་པའི་ནང་བྱ་དགའ་ཐོབ་མཁན3། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན6། བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན8བཅས་བྱུང་བ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།