ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཟླ9པའི་ཚེས24ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅོན་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲེང་ཡུན། ཝུའུ་ཧའེ་ཁུན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་ཁྱོན་བསྡོམས་མི52ཚོགས་འདུར་ཞུགས་ཤིང་ ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། ཝང་ཅན་ཅོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། 

ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ད་རེས་ཀྱི་ཚོགས་འདུའི་མི་དོན་དོན་ཚན་གྱི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་རིམ་པ་བཞིན་གསན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་གཞུང་དོན་དོ་དམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《ཟི་ལིང་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་ཆུ་སྤྱོད་སྲོལ་ཡིག》སྐོར་གྱི་གསལ་བཤད་དང་། 《སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སྐོར་གྱི་གསལ་བཤད། 《རྡོ་བརྐོས་རིག་གནས་སྲུང་སྐྱོང་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་གནང་བ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཐན་ཅིན་ཁྲེན་གྱིས་འཚེ་མེད་ཐོན་ལས་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། 2018ལོའི་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་བཅས་ཕུལ་བ་རེད། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་སྙན་ཞུ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྐོར་གྱི་སྙན་ཞུ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་ཁྲིམས་འཛིན་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་ནགས་ཚལ་རྩྭ་ས་ཅུའུ་བཅས་ཀྱི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་བཅས་རེད། 

ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཤ་ཟོག་དང་ཁྱིམ་བྱ་སོགས་ཀྱི་བཤན་ལས་དོ་དམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར། 《ཟི་ལིང་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་ཆུ་སྤྱོད་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་འདེད་་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྡོ་བརྐོས་རིག་གནས་སྲུང་སྐྱོང་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 2018ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་སྙན་ཞུ་བཅས་དཔར་འགྲེམས་བྱས།

བསྐོ་བཞག་བྱ་རྩིས་ཡོད་པའི་འོས་མིའི་འགན་གནས་མ་བཞེས་གོང་གི་གཏམ་བཤད། 

ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཐིན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།

ལོ་ཙཱ་བ། ཀླུ་མོ།