ཝང་ཡུས་ཡན་གྱིས་ཡུལ་ཤུལ་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཡུས་ཡན་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱ་བར་རྟོག་ཞིབ་གནང་བར་ཕེབས་པ་རེད། 

ཝང་ཡུས་ཡན་པེ་ཅིང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་དང་། མི་དམངས་སྨན་ཁང་དུ་བསྐྱོད་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་སློབ་གསོ་སྨན་བཅོས་ཚོགས་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ། ཞིང་ཆེན་ཏང་ཨུས་གནང་བའི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་སྤྲོད་བྱས་པ་རེད། ཚང་མས་བརྩེ་སེམས་བཅངས་ནས་བྱ་བའི་ནང་ཞུགས་པ་སོགས་ཀྱི་སྤྲོ་སེམས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་མཚོ་སྔོན་གྱི་བྱ་གཞག་འཕེལ་རྒྱས་གཏང་བར་རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དགོས་ཀྱི་ཡོད། རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རང་འགུལ་ངང་ས་མཐོར་འཕྲོད་ཐབས་བྱེད་པ་དང་། བདེ་ཐང་དང་ལས་ཀ་ལས་རྒྱུ་གཙོ་གནད་དུ་བྱེད་པ། གཟུགས་པོར་བདག་གཅེས་ཡག་པོ་བྱེད་པ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་བཅས་བྱས་ནས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་་བཤད་པ་རེད། མཚོ་སྔོན་དུ་ཧུར་ཐག་སྒོས་རང་ཉིད་མཚོ་སྔོན་པ་ཞིག་ཏུ་བརྩི་བ་དང་། མཚོ་སྔོན་ཕ་ཡུལ་གཉིས་པར་བརྩིས་ནས་བོད་རིགས་ས་ཁུལ་ལ་བརྩེ་སེམས་འཆང་བ། ཧུར་ཐག་གིས་བྱ་བ་སྒྲུབ་པ་བཅས་བྱེད་དགོས། བྱ་གཞག་ལ་གྲུབ་འབྲས་ཐོབ་པར་བྱས་ནས་མཚོ་སྐྱོར་བྱ་བ་དེ་འཇོན་ཐང་ངོམ་སའི་གར་སྟེགས་ཆེན་པོ་ཞིག་ཏུ་བརྩིས་ཏེ་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ལག་ལེན་ཁྲོད་བློ་སྟོབས་སྦྱོང་རྡར། ཀུན་སྤྱོད་སྦྱོང་རྡར། འཇོན་ཐང་ཆེ་རུ་གཏང་བ་བཅས་བྱས་ཏེ་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས་ཞེས་བསྟན། 

ཝང་ཡུས་ཡན་གྱིས་རིམ་ཁག་ཏང་ཨུད་དང་དེའི་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏང་བ་དང་། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཚོ་བའི་ཐད་སྤྲོ་སེམས་འཁོལ་བའི་ཐུགས་ཁུར་དང་། ལས་ཀའི་ཐད་བློ་རྒྱ་ཆེན་པོས་རྒྱབ་སྐྱོར། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ། ཁོང་ཚོའི་ནུས་པ་དང་ནུས་པ་གལ་ཆེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འདོན་སྤེལ་ཡག་པོ་བྱས་ཏེ། ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་ཀའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏང་དགོས་པའི་རེ་བ་བཏོན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།