འཚེ་མེད་འཕེལ་རྒྱས་སྐུལ་འདེད། སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན།

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་འཁོད་པའི་གནས་ཚུལ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཧུར་ཐག་སྒོས་འཚེ་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་བྱ་བའི་གཙོ་གནད་དུ་བཟུང་ནས་རི་བཀག་རྩྭ་བཀག་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པའི་བཟོ་སྐྲུན་དང་ཟུང་འབྲེལ་སྒོས། སྲུང་སྐྱོབ་ལ་ཚད་བཀག་ངེས་ཅན་ཡོད་པའི་སྒོ་ནས་བེའུ་ཧ་ཆུ་བོའི་འབབ་རྒྱུད་ཀྱི་ཡུར་ལམ་ནགས་ཁུལ། ཡུར་ཆུ་འདྲེན་ཡུལ་གྱི་ནགས་ཚལ་ལ་ལྕགས་ར་བསྐོར་ནས་བཀག་སྡོམ་གསོ་སྐྱོང་གནང་བ་མ་ཟད། རྡོ་ལེབ་བསྒྲིགས་ནས་གཙང་ཆུའི་བཞུར་ཕྱོགས་ལ་ཁ་ལོ་བསྒྱུར་ཅིང་། ལོ་མང་རིང་སྐྱེས་ཐུབ་པའི་གཟན་རྩྭ་སོགས་འདེབས་འཛུགས་བྱས་ནས་ཆུ་བོའི་འབབ་རྒྱུད་ཀྱི་རྩི་ཤིང་སླར་གསོ་ཐུབ་པར་གྱུར་བ་དང་། ཕྱུགས་ལས་འཕེལ་རྒྱས་ཐད་ལ་ཕན་འབྲས་ངེས་ཅན་ཞིག་ཐོན་འདུག ཕྱུགས་ལས་ཁ་གྲངས་ཀྱི་རྣམ་གཞག་རྙིང་བ་ལ་བཅོས་སྒྱུར་ཡོ་བསྲང་བྱས་ཏེ་གད་སྙིགས་གཙང་སེལ་ས་ཁུལ་གསར་འཛུགས་དང་འཚོ་བའི་གད་སྙིགས་ཀྱི་སྦགས་བཙོག་བཟོ་པ་ཡང་གཏན་འགོག་བྱས་ཏེ། རི་བོ་གཙང་ཞིང་མིག་ལ་མཛེས་པའི་མི་དང་མཛེས་ལྗོངས་ཟུང་འབྲེལ་གྱི་སྣང་བརྙན་ཞིག་མི་རྣམས་ཀྱི་མིག་ལམ་དུ་བསྟར་ནས། བེའུ་ཧ་ཆུ་བོའི་འབབ་རྒྱུད་ཀྱི་འཚེ་མེད་གཞན་སྒྱུར་དེས་མཚོ་སྔོན་ཞིང་ཆེན་གྱི་འཚེ་མེད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་བསྡུས་གཟུགས་ཤིག་གསར་སྐྲུན་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“གནས་ལྔ་ངོ་བོ་གཅིག”གི་གཅིག་བསྡུས་ལ་སྐུལ་འདེད་བཏང་ནས་སྤྱིའི་བཀོད་སྒྲིག་དང་སྙོམས་སྒྲིག་གཞིར་བཟུང་སྟེ། “ཡོངས་ཁྱབ་ཅན་བཞིའི”འཐབ་ཇུས་བཀོད་སྒྲིག་གི་ནང་དོན་གལ་ཆེན་ལ་སྐུལ་འདེད་བྱས། “འཚེ་མེད་འཕེལ་རྒྱས”དེ་གསར་བ་ཆེན་པོ་ལྔའི་འཕེལ་རྒྱས་འདུ་ཤེས་ཁྲོད་བཞག་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དེ་མཚོ་སྔོན་གྱི་ས་ཆེན་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་སྐུལ་འདེད་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་འདུན་གསར་བའི་བཀོད་སྒྲིག་གསར་བ་ལ་སློབ་སྦྱོང་བྱས་ནས། “ཏན་ཏན་ཏིག་ཏིག་བཞིའི”རེ་འདུན་གལ་ཆེན་རང་བཞིན་ལག་བསྟར་དངོས་འབེབས་བྱེད་པར་འབྲེལ་བ་དམ་ཟབ་ཅན་ཏུ་སྤེལ་བ་མ་ཟད། ཡང་དག་པའི་སྒོ་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་འཕེལ་རྒྱས་དེའི་སྐས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ངོས་འཛིན་གསལ་བོ་ཡོད་པའི་སྒོ་ནས། “ལྔ་བཞིའི་འཐབ་ཇུས”ལག་བསྟར་ཟབ་མོ་དང་ཧུར་བརྩོན་ཆེན་པོའི་སྒོ་ནས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་ངེས་ཅན་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་འབུར་དུ་ཐོན་པ་དང་ཅུང་ལེགས་པོའི་སྒོ་ནས་གསར་གཏོད་རང་བཞིན་ངང་། ཏང་ཀྲུང་དབྱང་གི་སྐྱེ་ཁམས་གནས་བབ་ལེགས་པོའི་ཐག་གཅོད་བཀོད་སྒྲིག་ལ་སྐུལ་འདེད་དང་མཚོ་སྔོན་ས་ཁུལ་དུ་ཕན་འབྲས་ཐོན་པར་བྱས་ཡོད།

ང་ཚོས་ཏན་ཏན་ཏིག་ཏིག་ངང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ་སྔ་ན་མེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གཏན་འཇགས་ངང་སྐུལ་འདེད་བཏང་ཞིང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་བརྒྱུད། རྨ་འབྲི་རྫ་གསུམ་དང་མདོ་ལ་རི་བོ་གཉིས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། བྱང་གསུམ། ཐེན་པོ་སོགས་ས་ཁུལ་དུ་སྐྱེ་ཁམས་བཟོ་སྐྲུན་བརྟན་འཇགས་ངང་སྐུལ་འདེད་བཏང་ཞིང་། གསར་བཟོ་བྱས་པའི་ནགས་ཚལ་གྱི་རྒྱ་ཁྱོན་དེ་སྤྱི་ཆིངས266667གྱི་ཡན་ལ་བསླེབས། གཙང་བོ་དང་མཚེའུ་ཡི་རིང་ཚད་སྒྲིག་སྲོལ་གྱི་མ་ལག་དེ་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཤིང་། ཅོང་ཆུ་དེ་ཞིང་ཆེན་ལས་ཕྱིར་བཞུར་བའི་ངོས་ཀྱི་ཆུ་སྤུས་དེIVརིགས་ཀྱི་ཚད་གཞིའི100%ལ་བསླེབས། གྲོང་ཁྱེར་གཙོ་བོའི་ཁོར་ཡུག་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཚད་གཞི་ནི83.4%ལ་བསླེབས་ཡོད། མཚོ་སྔོན་གྱི་རི་བོ་སྔར་ལས་མཛེས་ཤིང་ཆུ་བོ་སྔར་ལས་དྭངས་ལ། མཚོ་སྔོན་གྱི་ནམ་མཁའ་དང་ས་གཞི་སྔར་ལས་སྔོ། གཙང་སེལ་ནུས་ཁུངས་སྒྲིག་ཆས་ཀྱིས་སྟོང་ཝ་ཁྲི1200གཏོལ་ཟིན། ད་ལྟ་མཚོ་སྔོན་ནས་ཧི་ནན་བར་གྱི་ཆེས་ཐོག་མའི་ཡོངས་ཁྱབ་འཚེ་མེད་གློག་གི་སླར་གསོའི་ནུས་ཁུངས་མཐོ་གནོན་ཆེས་ཆེ་བའི་གློག་སྐུད་ཅིག་གསར་བཟོ་བྱེད་བཞིན་ཡོད་ལ། འཚེ་མེད་སླར་གསོའི་ནུས་ཁུངས་ཀྱི་རྟེན་གཞི་བཙུགས་སྟེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་འཕྲོ་རིམ་འཕྲོར་ཉིན15ལ་གཙང་སེལ་ནུས་ཁུངས་གློག་ནུས་མཁོ་འདོན་གྱིས་འཛམ་གླིང་གི་འཆར་གཞི་ཐོག་མ་གསར་དུ་བསྐྲུན་པ་རེད།

འཚེ་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་དཔེར་སྟོན་ཞིང་ཆེན་གསར་འཛུགས་བྱེད་རྒྱུ་དེ་ནི། མཚོ་སྔོན་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་བྱེད་པའི་དངོས་ཡོད་གལ་ཆེན་ཞིག་ཡིན་ལ། ང་ཚོར་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བརྟན་འཇགས་ཀྱི་ཆོད་སེམས་བརྟན་པོ་ཡོད་ལ། རིམ་བཞིན་གཉོམ་ལག་ཅན་ནས་གཏན་འཇགས་ཅན་ལ་ཁ་ཕྱོགས་ཡོད། ང་ཚོས་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རིམ་པ་སོ་སོའི་ལས་འགན་ལ་སྐུལ་འདེད་དང་། “གོམ་གསུམ་སྤོ་བའི”དམིགས་འབེན་གཞིར་བཟུང་སྟེ། དུས་རབས་གསར་བའི་སྨྱུག་ཁའི་འབྲི་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་ས་གཞི་ལེབ་མོ་འདིའི་ངོས་སུ་གཡུ་མདོག་གི་ཚོན་རིས་ལེགས་པོ་ཞིག་འབྲི་དགོས་ལ། རྒྱལ་ཁབ་སྤྱི་གླིང་བརྗོད་བྱ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གསར་གཏོད་བྱས་ཏེ་དཔེ་སྟོན་ཞིང་ཆེན་དེར་སྔར་ལས་མཛེས་སྡུག་གི་སང་ཉིན་ཞིག་བསྐྲུན་དགོས་པ་བསྟན།

རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཀྱི་བདག་དོམ་མ་ལག་གི་གཞི་རྩའི་སྒྲོམ་གཞི་གསར་འཛུགས་བྱས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེར་སྟོན་ས་ཁུལ་འཛུགས་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེར་མཚོན་ས་ཁུལ་དེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་སྔོན་ཐོན་ས་ཁུལ། མཐོ་སྒང་གི་རང་བྱུང་ཁམས་ཆེན་མོའི་འགྲེམས་སྟོན་ས་ཁུལ། སྐྱེ་ཁམས་རིག་གནས་རྒྱུན་འཛིན་ས་ཁུལ་བཅས་བཙུགས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་ཡོངས་འགྲུབ་ཀྱི་དམིགས་ཚད་དང་སྐྱེ་ཁམས་སྲུང་སྐྱོབ་སྐུད་དམར་མཐུད་སྦྲེལ་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་ཁུལ་གྱི་འཛུགས་སྐྲུན་ལས་གཞིའི་ལྡོག་ཕྱོགས་ཀྱི་རྩིས་ཐོ་གཏན་ཁེལ་བྱས་ཏེ་གཅིག་གྱུར་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་རིགས་བཀར་སྒོས་བདག་དོམ་མ་ལག་ཅན་དུ་འགྲུབ་པར་བྱ་དགོས།

སྲུང་སྐྱོབ་དང་བདག་དོམ་སྒྲིག་་གཞི་མུ་མཐུད་དུ་འཐུས་ཚང་ཅན་དུ་གཏང་བ་དང་རི་ཆུ་ནགས་ཚལ་ཞིང་སའི་རྩི་ཤིང་་གི་སྐྱེ་ཁམས་མ་ལག་དེ་འཁོར་སྐྱོད་ལེགས་པོ་བྱས་ནས། ཆེས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་རྨང་གཞིར་བཟུང་བ་ཡོངས་འགྲུབ་བྱུང་ལ། རང་བྱུང་སྤྱི་གླིང་ཅི་རིགས་ཀྱིས་རང་བྱུང་སྲུང་སྐྱོབ་ཀྱི་བདག་དོམ་མ་ལག་ལ་ཁ་གསབ་བྱས་ཡོད་ལ། རང་བྱུང་ཁམས་ཀྱི་སྲུང་སྐྱོབ་ལ་གཅིག་གྱུར་སྒོས་བདག་དོམ་བྱེད་པ་གཞིར་བཟུང་སྟེ། རིགས་བཀར་སྒོས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་འགན་ནུས་བདག་དོམ་དང་ལུགས་མཐུན་སྙོམས་སྒྲིག་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ས་ཁོངས་གསལ་འབྱེད་རང་བཞིན་གྱི་མཚོན་རྟགས་བཀལ། རང་བྱུང་ཐོན་ཁུངས་ཀྱི་ཐོན་རྫས་བདག་དབང་ཐོ་འགོད་བྱ་བར་སྐུལ་འདེད་བཏང་ཞིང་། རང་བྱུང་སྲུང་སྐྱོབ་དངོས་ལག་བསྟར་བྱས་ཏེ་བདག་དོམ་ཚོད་འཛིན་སོགས་ཀྱི་ཐད་ལ་གཅིག་གྱུར་གྱི་སྒྲིག་སྲོལ་བྱེད་ནུས་ཅན་ཞིག་ལག་བསྟར་སྒོས་བདག་དོམ་མ་ལག་བཙུགས། དེ་མིན་བྱེ་བྲག་གི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་དེ་རྒྱལ་ཁབ་ཀྱི་སྤྱི་གླིང་མ་ལག་ཁྲོད་བཞག་ནས། ནན་ཏན་སྒོས་སྲུང་སྐྱོབ་བྱེད་པ་ལག་བསྟར་དངོས་འབེབས་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་རྨང་གཞི་རུ་བཟུང་ཞིང་རིགས་མི་འདྲ་བའི་རང་བྱུང་སྤྱི་གླིང་གིས་རང་བྱུང་གི་སྲུང་སྐྱོབ་ས་ཁུལ་ལ་བདག་དོམ་མ་ལག་ཁ་གསབ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།