ཡོངས་འཛིན་དྲ་ཚིགས་ཀྱིས་ལས་མི25བསྡུ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་བྱ་བའི་དགོས་དབང་ལྟར། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ་ལས་མི25བསྡུ་རྒྱུ་ཡིན་ཞིང་། བྱ་བའི་གོ་རིམ་གསལ་པོ་དང་འདྲ་མཉམ། དྲང་བཞག་བཅས་ཀྱི་རྩ་དོན་ལྟར། ཡུལ་དངོས་ནས་ཁ་རྒྱུགས་ལེན་པའི་ལག་ཐབས་སྤྱད་ནས་ལས་བསྡུ་བྱ་རྒྱུ་རེད།

གཅིག ཆ་རྐྱེན།

1.ཆབ་སྲིད་གོ་རྟོགས་དང་ལས་རིགས་ཀུན་སྤྱོད་ལེགས་པོ་ལྡན་དགོས།

2.བོད་ཀྱི་རྩོམ་རིག་དང་རྒྱ་བོད་ཡིག་སྒྱུར། དེ་མིན་འབྲེལ་ཡོད་ཀྱི་ཆེད་ལས་ལྡན་པའི་ཞིབ་འཇུག་སློབ་མ་ཡིན་དགོས།

3.རྩིས་འཁོར་གྱི་རྒྱུན་སྤྱོད་མཉེན་ཆས་ལ་བྱང་ཆ་ལྡན་དགོས།

4.ལོ35མན་ཡིན་དགོས། (1983.12.31ཉིན་སྐྱེས་པ།)

གཉིས། མིང་ཐོ་འགོད་པའི་དུས་ཚོད།

2019ལོའི་ཟླ10པའི་ཚེས10---2019ལོའི་ཟླ10པའི་ཚེས15ཉིན་བར།

གསུམ། ལས་བསྡུའི་བླང་བྱ།

རྒྱུགས་ཞུགས་མི་སྣས་སྒེར་གྱི་ངོ་སྤྲོད་མདོར་བསྡུས་དང་མཐར་ཕྱིན་འཛིན་ཡིག ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར་གཅིག་བཅས་བཟུང་ནས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་རུ་འགྲོ་དགོས།

བཞི། ལས་བསྡུ་བྱེད་སྟངས་དང་འབྲེལ་ཡོད་ཀྱི་གསོལ་ཐང་།

1.ལས་བསྡུ་བྱས་རྗེས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར་གན་རྒྱ་འཇོག་རྒྱུ། གན་འཇོག་དུས་ཡུན་ཉུང་མཐའ་ཡང་ལོ་གཅིག་ཡིན་ཞིང་། ཚོད་ལྟའི་དུས་ཡུན་ཟླ་གཅིག་རེད།

2.ལས་བཟོ་པར་ཟླ་ཕོགས་དང་བྱས་འབྲས་མ་དངུལ(绩效)གཉིས་བསྡོམས་ནས་གླ་ཕོགས་སྟེར་རྒྱུ། དེའི་ཁྲོད་རྒན་གསོ་མ་དངུལ་དང་སྨན་བཅོས་འགན་སྲུང་། ལས་ཤོར་འགན་སྲུང་བཅས་འདུ་བ་རེད། ཚོད་ལྟའི་དུས་ཡུན་རིང་ཟླ་ཕོགས་ཕྱེད་ཀ་གཅག་རྒྱུ་ཡིན་ཞིང་ལྟོ་དང་སྡོད་གནས་རང་འགན་དུ་འཁུར་དགོས།

ལྔ། འབྲེལ་གཏུགས་བྱ་ཡུལ།

དབང་ཆེན་ཚེ་རིང་། 13119740857

ལས་ཁུངས་ཀྱི་སྡོད་གནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་མཁར་བྱང་གསར་ཁུལ་གྱི་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་སུམ་ཐོག མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་གཞུང་སྒྲུང་ཁང་།

ལོ་ཙཱ་བ། ལྷ་ཆེན་རྒྱལ།