“མཚོ་སྔོན་ཞིང་ཆེན་གྱིས2019ལོའི་རྒན་གསོའི་བདག་སྐྱོང་མཁན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར”སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ9ཚེས21ཉིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་མཛད་སྒོ་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་དམངས་སྲིད་ཐིན་གྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་རྒན་གསོ་ཞབས་ཞུའི་མཐུན་ཚོགས་ཀྱིས་སྒྲུབ་འགན་བཞེས་པ་དང་། མཚོ་སྔོན་གཏན་དར་བདག་སྐྱོང་ཞབས་ཞུའི་ལྟེ་གནས། མཚོ་སྔོན་ཕྱུགས་ལས་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་རོགས་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་གྱིས2019ལོའི་རྒན་གསོའི་བདག་སྐྱོང་མཁན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར”སྤེལ་འགོ་བརྩམས་པ་རེད།

འགྲན་སྡུར་དེ་ནི་ཟླ9ཚེས21ཉིན་གྱི་སྔ་དྲོ་དངོས་སུ་འགོ་བརྩམས་པ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་མི་འདྲ་བ9ཡི་འགྲན་ཞུགས་འཐུས་ཚབ་མི་སྣ40ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད། མཚོ་སྔོན་ཕྱུགས་ལས་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་གི་རྒན་པའི་ཞབས་ཞུ་དང་བདག་དོམ་ཆེད་ལས་ཀྱི་སློབ་མ་དག་དཔེར་མཚོན་འཁྲབ་སྟོན་རུ་མི་རུ་བྱས་ཏེ་ཐེངས་འདིའི་འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་བོར་ཟབ་ཞུགས་བྱས་པ་རེད། དུས་ཡུན་ཉིན་གཉིས་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད། ཚེས22ཉིན་གྱི་སྔ་དྲོར། མཇུག་མཐར་འགྲན་ཞུགས་འཐུས་ཚབ་པ་དྲུག་ལ་ཐུན་མོང་འགྲན་སྡུར་གྱི་བྱ་དགའ་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། འགྲན་ཞུགས་མི་སྣ6ལ་མི་སྒེར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། འགྲན་ཞུགས་མི་སྣ4ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད། དེ་མིན་མཚོ་སྔོན་ཕྱུགས་ལས་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ4ལ་དམིགས་གསལ་བྱ་དགའ་དང་ཐུན་མོང་གི་དམིགས་གསལ་བྱས་རྗེས་ཀྱི་བྱ་དགའ་ཐོབ་པ་རེད།

འགྲན་སྡུར་གྱི་མཛད་སྒོའི་སྟེང་དམངས་སྲིད་ཐིན་གྱི་འབྲེལ་ཡོད་ལས་བྱེད་མི་སྣ་དག་གིས་ངོ་སྤྲོད་གནང་རྒྱུར། ཐེངས་འདིའི་རྒན་གསོའི་བདག་སྐྱོང་མཁན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་གྱི་དམིགས་འབེན་ནི་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འགྲན་སྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་བྱེད་པ། རྒྱ་ཆེའི་རྒན་གསོའི་བདག་སྐྱོང་མཁན་གྱི་མི་སྣའི་རང་འགན་རང་ནུས་དང་ལས་དོན་ལ་ཞིབ་འཇུག་བྱེད་པ། ལས་རྐང་ལ་སྦྱོང་བརྡར་ཐོབ་པར་སྐུལ་འདེད་བྱེད་ཆེད་ཡིན་ལ། གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་དང་ལས་དོན་ནུས་པ་མཐོར་འདེགས་སུ་གཏང་ཆེད་རེད། དགོངས་དོན་ནི་འགྲན་སྡུར་གྱིས་རྒྱ་ཆེའི་རྒན་གསོའི་ཞབས་ཞུའི་མི་སྣ་དག་གི་རྩལ་ནུས་སྦྱོངས་བ་དང་བྱས་རྗེས་ལས་བརྩེ་སེམས་ཆེ་བ་བཅས་ཀྱིས་རྒྱ་ཆེའི་རྒན་གསོའི་བདག་སྐྱོང་མཁན་དག་ལ་རྒན་གསོའི་བདག་སྐྱོང་ལས་གནས་སྟེང་གི་རང་གི་རིན་ཐང་དེ་ངོས་ཟིན་དུ་འཇུག་པ་དང་། རང་ཉིད་ཀྱི་སྤྱི་ཚོགས་སྟེང་གི་བྱེད་ནུས་གཏན་ཁེལ་གསལ་བོ་བྱེད་པ། རྒན་པ་དག་ལ་ཞབས་ཞུ་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མཐོར་འདེགས་སུ་གཏང་བ། རང་ཞིང་གི་རྒན་གསོ་ཞབས་ཞུའི་སྒྲིག་གཞི་ཡི་སློབ་གསོའི་གསབ་སྦྱོང་བྱ་བ་དེ་བྱེད་ནུས་ལྡན་པའི་ངང་ནས་མཐོར་འདེགས་སུ་གཏང་དགོས་པ་རེད། རྒན་གསོ་ཞབས་ཞུའི་སྒྲིག་གཞི་ཡིས་རང་སྟེང་གི་འཕེལ་རྒྱས་དང་ལས་བཟོ་བའི་འཚར་ལོངས་ཐད་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱས་ནས་རྒྱ་ཆེའི་རྒན་གསོའི་བདག་སྐྱོང་མི་སྣ་དག་ལ་རྩལ་ནུས་འདོན་སྤེལ་དང་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་མཁོ་སྤྲོད་གནང་ཡོད།

ཐེངས་འདིའི་རྒྱལ་ཡོངས་རང་བཞིན་གྱི་རྒན་གསོའི་བདག་སྐྱོང་མཁན་གྱི་རྩལ་ནུས་འགྲན་སྡུར་ནི་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ལས་རིགས་ཁྲོད་ཀྱི་ཟིལ་ཤུགས་རང་བཞིན་ཐེངས་གཅིག་ཡིན་ལ། ཆེད་ལས་རང་བཞིན་གྱི་རྩལ་ནུས་འགྲན་སྡུར་ཡང་རེད། ཞིང་ཆེན་ཡོངས་སུ་ཕུལ་བྱུང་རྒན་གསོའི་བདག་སྐྱོང་ཆེད་ལས་རྩལ་ནུས་ཅན་གྱི་ཤེས་ལྡན་པ་སྐོར་ཞིག་སྔོག་འདོན་སྐྱེད་བསྲིངས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བ་དང་རྩལ་ནུས་མཐོ་བའི་རྒན་གསོའི་བདག་སྐྱོང་རུ་དཔུང་ཞིག་རྩ་འཛུགས་བྱས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།