མདོ་ལ་རྫོང་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་ཆར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་ལེན་རྣམ་པའི་སློབ་ཁྲིད་བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོར་ཐུན་མོང་ཐོག་དྲན་གསོ་ཞུས་ཤིང་། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་མདོ་ལ་གསར་པའི་འཛུགས་སྐྲུན་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། རྫོང་གི་ཚན་ཁག་ཆེན་པོ་བཞི་སོགས་རྫོང་རིམ་པའི་འགོ་ཁྲིད་དང་ཤང་དང་གྲོང་རྡལ་སྡེ་ཚན་ཁག་གི་ཏང་ཨུ(ཏང་ཙུའུ)ཡི་ཧྲུའུ་ཅི་སོགས་མི120ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།  

ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་བའི་ངང་ཁག་གཉིས་པའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཀའོ་ཐའེ་རྫོང་དུ་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་དང་། དམག་སར་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་སྤྱི་པའི་བང་སོར་ཞལ་མཇལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མདོ་ལའི“རྒྱང་སྐྱོད་ལམ”ཐོན་ཁུངས་ལ་བརྟེན་པ་དང་། མདོ་ལ་རྫོང་གིས་དམར་དམག་ནུབ་ལམ་དམག་དཔུང་གི་བཅིངས་འགྲོལ་དམག་གི་ཅུན་གཉིས་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་། “རྒྱང་སྐྱོད་ལམ་བུར”བསྐྱར་དུ་བསྐྱོད་པ། དམར་གླུ་ལེན་པ། གསར་བརྗེའི་རྗེས་ཤུལ་ཉན་པ། གོ་རྟོགས་གླེང་བ་སོགས་ཉམས་ལེན་རྣམ་པའི་སློབ་ཁྲིད་བྱས་པ་བརྒྱུད། མདོ་ལ་རྫོང་དུ་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱས་པའི་ལོ་རྒྱུས་བསྐྱར་དྲན་བྱས་པ་རེད། གསར་བརྗེའི་སྔོན་རབས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རྫོང་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་འབད་འབུངས་སྟོབས་བརྩོན་དང“མཛེས་སྡུག་ལྡན་པའི་མདོ་ལ་དང་། བདེ་སྐྱིད་ལྡན་པའི་མདོ་ལའི”འཛུགས་སྐྲུན་ལ་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་མ་གཏང་དགོས་པའི་ཁྲིད་སྟོན་བྱས་པ་རེད། 

མདོ་ལ་རྫོང་ནུབ་ལམ་དམག་གི་བཅིངས་འགྲོལ་དམག་གི་ཅུན་གཉིས་པའི་དྲན་གསོ་གླིང་གི་བྱེད་སྒོར་ཞུགས་མཁན་ཏང་ཡོན་ལས་བྱེད་པས་་དྲན་གསོ་ཞུ་བའི་འདྲ་པར་དང་དངོས་པོར་ལྟ་སྐོར་བྱས་ཏེ། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གསར་བརྗེའི་རིག་གནས་ངོ་སྤྲོད་ལ་ཉན་ཞོར་སྔོན་གཤེགས་གསར་བརྗེའི་དཔའ་བོའི་བྱས་རྗེས་ལ་ཕྱིར་དྲན་བྱས་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།