【“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་སྒང】

— ཁྲི་ཀས“ཉིན་རེར་རང་སྐྱོན་རང་བརྟག”གི་སློབ་སྦྱོང་ལམ་ལུགས་ལག་ལེན་བྱས་པ།​

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་གཏན་ནས་དམ་འཛིན་དང་རྒྱུན་གཏན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། “འགག་རྩ་གཙོ་བོ་འགའ”ལ་དམ་པོར་དམིགས་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གཞི་རྟེན་ལས་སྟེགས་ཀྱི་འོག་རིམ་ཇུས་འགོད་ལ་དམ་འཛིན་ཡག་པོ་བྱས་ཏེ།ཏང་ཡོན་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ཉིན་རེར་རང་སྐྱོན་རང་བརྟག”གི་སློབ་སྦྱོང་ལམ་ལུགས་ལག་ལེན་བྱས་ནས་ཉིན་ལྟར་བསམ་བློ་གཏང་བ་དང་། ཉིན་རེར་གོ་བ་ལེན་པ། ཉིན་རེར་རང་སྐྱོན་རང་བརྟག་ཡོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། 

བླང་བྱ་གཞིར་བཟུང་ནས། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཉིན་ལྟར་རང་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་ཐེངས་རེ་བྱེད་པ་དང་། ཉིན་ལྟར་སློབ་སྦྱོང་བྱས་པ་བརྒྱུད་ངོས་འཛིན་དང་མྱོང་ཚོར་ཤེས་རྟོགས་བྱེད་པ། ཉིན་ལྟར་རང་ཉིད་ལ་ཞིབ་དཔྱད་བྱེད་པ་བཅས་བྱེད་དགོས་པ་མ་ཟད། གནད་དོན་དང་མི་འདང་སར་རང་སྐྱོན་རང་ཞིབ་ཀྱང་བྱེད་དགོས། དེ་དང་ཆབས་ཅིག“ཉིན་རེར་རང་སྐྱོན་རང་བརྟག”གི་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་ཟླ་རེར་དུས་བཀག་ལྟར་ཏང་ཡོན་རྫོང་རིམ་པའི་འགོ་ཁྲིད་ཀྱི་སློབ་སྦྱོང་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་གཏང་བའི་སློབ་སྦྱོང་གི་རྣམ་པ་ཞིག་བསྐྲུན་ཡོད་པ་རེད། རྫོང་ཏང་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བཏོན་པའི་གནད་དོན་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་པ་མ་ཟད། ཇི་མ་ཇི་བཞིན་ལན་བཏབ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་ཡིག་ཡག་པོ་བསྒྲུབས་ཡོད། 

“ཉིན་རེར་རང་སྐྱོན་རང་བརྟག”གི་སློབ་སྦྱོང་སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྐུལ་འདེད་གཏང་བ་དང་“བསམ་བློ་གཏང”བར་བྱས་ཏེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་ཤེས་བྱ་གསོག་འཇོག་གི་ཁྲོད་གོ་རྟོགས་སད་པར་ཁྲིད་སྟོན་སྔར་ལས་ལྷག་པ་དང་། འགན་འཁྲི་འཁུར་བ། སློབ་སྲོལ་བཟང་པོ་གསོ་སྐྱོང་བྱེད་པ། སློབ་སྦྱོང་དང་སློབ་གསོ་རྣམ་པ་ཙམ་དུ་མི་འགྱུར་བར་འགན་ལེན་ཏན་ཏིག་བྱེད་པ། ཕན་འབྲས་དངོས་ཐོབ་པ་བཅས་བྱ་དགོས་ཞེས་བསྟན། 


ལོ་ཙཱ་བ།རྟ་མགྲིན་དཔལ།