མཚོ་ཤར་གྲོང་ཁྱེར་གྱིས་སྐག་རྫས་ཐོན་དངོས་ཚོང་ར་ལ་ཆེད་དོན་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཡུན་ཟླ་བ4རིང་གི་སྐག་རྫས་ཐོན་དངོས་ལ་དྲ་སྟེང་ནས་གཙང་སེལ་བྱེད་པའི་ཆེད་དོན་ཞིབ་བཤེར་བྱ་འགུལ་ཁྲོད། གྲོང་ཁྱེར་ཚོང་རའི་ལྟ་སྐུལ་ཅུའུ་ཡིས་ཁྱོན་བསྡོམས་རིགས་མི་འདྲ་བའི་སྐེག་རྫས་ཐོན་དངོས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས365ལས་ཚོང་གཉེར་མཁན24ལ་དག་ཐེར་ཡོ་བསྲང་བརྡ་སྦྱོར་ཡི་གེ་བཀྲམ་པ་དང་ཚོང་ཁང14ལ་ཉེན་བརྡ་བརྒྱབ་པ། གྱོད་དོན་སྙན་གསེང་ཅན23བཅས་ཀྱིས་ཁྱོན་བསྡོམས་སྒོར་ཁྲི2.952གྱི་ཁྲིམས་ཆད་བཅད་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་སྐག་རྫས་ཐོན་དངོས་ཚོང་རའི་སྒྲིག་སྲོལ་ལ་དག་ཐེར་དང་སྒྲིག་སྲོལ་ཅན་ཏུ་གཏོང་ཆེད། དྲ་སྟེང་ནས་ཁྲིམས་འགལ་སྒོས་སྐག་རྫས་རྫུན་མ་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་། ཐེངས་འདིའི་ཞིབ་བཤེར་ཁྲོད་མཚོ་ཤར་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྡེ་ཁག་གིས་མངའ་ཁོངས་ཀྱི་དྲ་སྟེང་ནས་སྐག་རྫས་ཚོང་གཉེར་བྱེད་མཁན་གྱི་ཐོབ་ཐང་གསལ་བོར་ངོས་འཛིན་ཐུབ་པ་མ་ཟད། ལྟ་སྐུལ་བདག་དོམ་རྩིས་ཐོ་གསར་འཛུགས་བྱས། ཉིན་རྒྱུན་འཚོ་བའི་ལྟ་སྐུལ་བདག་དོམ་དང་རིགས་མི་འདྲ་བའི་ཆེད་དོན་ཞིབ་བཤེར་ལ་ཟུང་འབྲེལ་སྒོས་ཁྲིམས་འཛིན་མི་སྣ་དག་གིས་སྐག་རྫས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུ་ཚོང་གཉེར་མཁན་དེ་གསར་འཛུགས་བྱས་ཡོད་མེད་དང་རྩིས་ཐོའི་ཁྲོད་ཀྱི་སྐག་རྫས་ཅན་ཚོང་གཉེར་མཁན་གྱི་དངོས་མིང་ཐོ་འགོད་བྱས་ཡོད་མེད། དྲ་སྟེང་ནས་ཁེ་ལས་དེ་ལག་བསྟར་དངོས་འབེབས་བྱས་ཡོད་མེད། གཙོ་བོ་ཁྲིམས་འགལ་སྒོས་གཏན་འགོག་བྱ་དངོས་ཀྱི་སྐག་རྫས་དང་སྐག་རྫས་རྫུན་མ། དཔང་ཡིག་མེད་པར་སྐག་རྫས་ཐོན་སྐྱེད་བྱེད་པ། ཆོག་མཆན་ཡིག་ཆ་མེད་པར་དམིགས་གསལ་སྒོས་སྐག་རྫས་བེད་སྤྱོད་བྱེད་པ། གྱོད་དཔེ་མེད་པའི་སྒོ་ནས་དམིགས་གསལ་མ་ཡིན་པའི་སྐག་རྫས་སོགས་ཡིན། དེའི་མི་ཚད་ཁྲིམས་འགལ་སྒོས་སྐག་རྫས་ཀྱི་བྱེད་ནུས་ཁྲིམས་འགལ་སྒོས་དྲིལ་སྒྲོག་དང་ཐོན་སྐྱེད་རྫུན་བཟོ་ལ་བརྟེན་ནས་ཁེ་ལས་ཀྱི་བརྡ་འཕྲིན་དང་ཐོན་དངོས་ཀྱི་རྒྱུ་སྤུས་གནས་ཚུལ་སོགས་རྫུན་བཟོ་བྱེད་པ་ལ་རྡུང་རྡེག་ནན་མོ་བཏང་།

དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་ལྟ་སྐུལ་བདག་དོམ་སྡེ་ཁག་གིས་དྲ་ཐོག་ལྟ་སྐུལ་དང་ཞིབ་བཤེར་སོགས་ཚན་ཁག་གི་བརྡ་འཕྲིན་ཡུན་བསྲིངས་འབྲེལ་འདྲིས་ཀྱི་ལམ་ལུགས་དངོས་ལག་བསྟར་བརྒྱུད། དྲ་སྟེང་ལྟ་སྐུལ་ཁང་གི་འབྲེལ་ཡོད་ཁེ་ལས་ཀྱི་བརྡ་འཕྲིན་དུས་ལྟར་སྒེག་རྫས་ཀྱི་ལྟ་སྐུལ་བདག་དོམ་ཚན་ཁག་ལ་མཁོ་སྤྲོད་བྱས་ཤིང་། སྐག་རྫས་ཀྱི་ལྟ་སྐུལ་བདག་དོམ་ཚན་ཁག་གིས་རྩད་གཅོད་བྱས་པ་བརྒྱུད་ཁྲིམས་འགལ་སྒྲིག་འགལ་གྱི་སྐག་རྫས་ཅན་དག་ཚོང་སྒྲོམ་ལས་མར་བླངས་སྟེ་བཀག་སྡོམ་སོགས་ཉེན་ཚབས་རང་བཞིན་གྱི་ཚོད་འཛིན་བྱེད་ཐབས་སྤྱད། དེའི་མི་ཚད་གྱོད་དཔེ་རུ་བཟོས་སྟེ་ལྟ་སྐུལ་ཞིབ་བཤེར་ཚན་ཁག་ལ་གནས་སྤོར་སྒོས་ཁྲིམས་ལྟར་རྩད་གཅོད་ནན་མོ་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།