ཀྲུང་ཧྭ་ཆུ་འཁོར་ཆེན་མོའི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟིས་སློབ་ཆེན་པ16ལ་བརྩེ་སེམས་རོགས་སྐྱོར་གནང་བ།

ཉེ་ལམ་ཁྲི་ཀ་རྫོང་ཀྲུང་ཧྭ་ཆུ་འཁོར་ཆེན་མོའི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ཐུགས་རྗེ་རྒྱལ་གྱི་སྣེ་ཁྲིད་འོག མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་ཁུལ་ཡོངས་ཀྱི་ཐེངས་འདིའི་སློབ་ཆེན་སློབ་མའི་ཁྲོད་ཁྱིམ་ཚང་དབུལ་ཕོངས་ཅན་གྱི་སློབ་བུ16ལ་བརྩེ་སེམས་རོགས་སྒྲུབ་གནང་ཞིང་ཁྱོན་བསྡོམས་སྒོར85000གནང་།

ཀྲུང་ཧྭ་ཆུ་འཁོར་ཆེན་མོའི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟིས་ད་རུང་མུ་མཐུད་དུ་འཆར་གཞི་ལྡན་པའི་སྒོ་ནས་རོགས་སྒྲུབ་གནང་བའི་སློབ་མ16གི་སློབ་ཆེན་སྐབས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ལྟ་སྐྱོང་ཞིབ་ཏིག་བྱས་ཏེ། ཕྱོགས་ཡོངས་ཀྱི་ཚད་ལེན་དཔྱད་འཇོག་བརྒྱུད་སློབ་ལ་བརྩོན་ཞིང་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་སློབ་མ་དག་ལ་སྔར་ལས་ལྷག་པའི་སྒོ་ནས་རོགས་སྒྲུབ་བྱེད་རྒྱུ་རེད་ལ། ཁོ་ཚོའི་སློབ་ཆེན་གྱི་བྱ་གཞག་མཐའ་དག་ཀྱང་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།