སྤྱི་གླིང་གི་ལོ་ངོ་བདུན་ཅུའི་འགྱུར་ལྡོག

ད་ལྟའི་ཟི་ལིང་གྲོང་ཁྱེར་གྱི་མི་དམངས་སྤྱི་གླིང་།

ལོ་ངོ་བདུན་ཅུའི་འཁོར་འགྲོས་དང་བསྟུན་ནས་རང་རེའི་ཞིང་ཆེན་གྱི་ས་གནས་ཁག་གི་སྤྱི་གླིང་ཡང་མེད་པ་ནས་ཡོད་པ་དང་གང་སར་ཁྱབ་པའི་འཕེལ་རྒྱས་བྱུང་བ་མ་ཟད། རིམ་བཞིན་བྱེད་ནུས་ཆིག་རྐྱང་ནས་མཁོ་དགུ་སྣ་འཛོམས་སུ་གྱུར་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་ཅི་དགར་མངོན་ཡོད་པ་རེད།

ལྡིང་ཁང་དང་། གྲུ་གཟིངས། གླིང་ཕྲན་སོགས་ཀྱིས་རྣམ་པར་བརྒྱན་པའི་ཟི་ལིང་མི་དམངས་སྤྱི་གླིང་འདིས་མཚོ་སྔོན་གྱི་མི་རབས་མང་པོ་ཞིག་གི་ཕྱིར་དྲན་ཉར་ཡོད། གྲོང་ཁྱེར་ལ་མཚོན་ན་སྤྱི་གླིང་ནི་གྲོང་ཁྱེར་གྱི་ཆ་བྱད་མཚོན་བྱེད་ཅིག་ཡིན་ཕྱིན་སྤྱི་གླིང་གང་ཞིག་སོ་སོ་ཡི“སྔོན་ཆད་དང་ད་ལྟ”ཡིས་གྲོང་ཁྱེར་གྱི་འཕེལ་རྒྱས་དྲན་ངོགས་སུ་བཏབས་ཡོད་ཅིང་།  མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འགྱུར་ལྡོག་རེ་རེའི་དཔང་པོ་རུ་གྱུར་ཡོད། 

སྤྱི་གླིང་གི་འཕེལ་འགྱུར་གྱིས་རབ་མཛེས་མཚོ་སྔོན་མི་དམངས་ཀྱི་ཉིན་རེར་འཕེལ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་ཡག་པོ་སྲུང་བའི་དགོས་མཁོ་རབ་དང་རིམ་པ་བསྐངས་ཏེ། སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་གོ་རིམ་ཁྲོད་མི་རིགས་ཁག་གི་མང་ཚོགས་རྣམས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་སྔར་ལས་ལྷག་པ་ཞིག་སྦྱིན་ཡོད།

ཟི་ལིང་གི་མི་དམངས་སྤྱི་གླིང་གི་པར་རྙིང་།

ལོ་ཟླའི་འཁོར་སྐྱོད་ཀྱི་འདུ་འགོད་ཀློང་ནས་རང་རེའི་ཞིང་ཆེན་གྱི་ས་གནས་སོ་སོས་ཆུ་བོ་དྭངས་ཤིང་གསལ་ལ་གཙང་ངོགས་ལྗང་ལོའི་བཀྲ་བ། བྱ་བྱེའུ་སྐད་སྙན་སྒྲོག་ཅིང་མེ་ཏོག་གི་དྲི་བསུང་འཐུལ་བ། ཡི་གར་འོང་བའི་མཛེས་པའི་ཞིང་གྲོང་། རྒྱལ་ཡོངས་ཀྱི་སྔུན་ལ་བསྐྲུན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས“མཚོ་སྔོན་གྱི་ཇུས་གཞི”དང་“ཟི་ལིང་གི་བྱེད་སྟངས”གཉིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ཁྲོད་འཚོལ་ཞིབ་བྱུང་བས། ལྷད་མེད་དང་སྐྱེ་ཁམས་ཀྱི་ཆ་དེ་མཚོ་སྔོན་འཛམ་གླིང་དུ་ཕྱོགས་པའི་མིང་བྱང་ལྟ་བུར་གྱུར།

ཟི་ལིང་གི་མི་དམངས་སྤྱི་གླིང་གི་པར་རྙིང་།

རིག་གནས་སྤྱི་གླིང་གི་པར་རྙིང་།
ད་ལྟའི་རིག་གནས་སྤྱི་གླིང་།
ད་ལྟའི་ལུའུ་ཆིང་སྤྱི་གླིང་།
ཟི་ལིང་བྱང་ཐང་གི་ན་འདམ་སྤྱི་གླིང་།
སྔོན་ཆད་ཀྱི་ཟི་ལིང་སྐྱེ་དངོས་ར་བ།
ད་ལྟའི་ཟི་ལིང་གི་སྐྱེ་དངོས་ར་བ།
ད་ལྟའི་བྱང་རའི་སྤྱི་གླིང་།

བྱང་རའི་སྤྱི་གླིང་གི་པར་རྙིང་།

ཁོན་ཐར་འཚོས་བསྒྱུར།