མཚོ་སྔོན་གྱིས་སྤྱི་ཚོགས་ལ་ཁ་གཏད་དེ་མེ་གསོད་རུ་མི340བསྡུ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཆོག་འཐུས་ཐོབ་པ་བརྒྱུད། མཚོ་སྔོན་གྱིས2019ལོའི་སྐོར་ཐེངས་གཉིས་པའི་སྤྱི་ཚོགས་ལ་ཁ་གཏད་པའི་སྐྱེས་པ་མེ་གསོད་རུ་མི340བསྡུ་རྒྱུ་ཡིན་ཞིང་། མིང་ཐོ་འགོད་པའི་དུས་ཚོད2019ལོའི་ཟླ9པའི་ཚེས20ནས་ཟླ10པའི་ཚེས10ཉིན་བར་རེད། ཆ་རྐྱེན་དང་མཐུན་པའི་མིང་ཐོ་འགོད་མཁན་ཚོས་གཞུང་ཕྱོགས་དྲ་ཚིགསhttp://xfyzl.119.gov.cnདང་ཡང་ན་ཁ་པར0971-8818021བརྒྱུད་ནས་རྒྱུས་ལོན་བྱ་ཆོག

མིང་ཐོ་འགོད་སྐབས་མི་སྒེར་གྱི་ཆ་འཕྲིན་ཁ་བསྐང་ནས་ཐོ་འགོད་དང་དངོས་མིང་ངོས་འཛིན་བྱ་དགོས། ཐོ་འགོད་ལེགས་འགྲུབ་བྱུང་རྗེས“དམག་ཁོངས་ལས་བུད་པའི་དམག་མི”དང“སྤྱི་ཚོགས་ན་གཞོན”ཞེས་པའི་མིང་ཐོ་འགོད་གནས་རིགས་དབྱེ་ནས་མིང་ཐོ་འགོད་དགོས་ཤིང་། དམག་ཁོངས་ལས་བུད་པའི་དམག་མིས་དམག་ལ་ཞུགས་པའི་ལོ་རྒྱུས་སྦས་གསང་བྱས་ཏེ“སྤྱི་ཚོགས་ན་གཞོན”བདམས་ནས་མིང་ཐོ་འགོད་མི་ཆོག གལ་ཏེ་མིང་ཐོ་བཀོད་ཡོད་པ་ཤེས་ཚེ་རྒྱུགས་ཞུགས་ཐོབ་ཐང་ལེན་རྒྱུ།

ཆ་རྐྱེན།

1.མཐོ་འབྲིང་ཡན་གྱི་བསླབ་གནས་ལྡན་དགོས།

2.མཚོ་སྔོན་གྱི་ཁྱིམ་ཐོ་དང་གནས་སྡོད་དཔང་ཡིག་ཡོད་པའི་རྒྱུན་སྡོད་མི་སྣ་ཡིན་དགོས།

3.ལོ18ཡན་ནས24མན་ཡིན་དགོས། (1994.10.11----2001.10.10ཉིན་སྐྱེས་པ།)

4.དངོས་གཞི་ཡན་གྱི་བསླབ་གནས་ལྡན་ཚེ་ལོ26མན་ཡིན་ཆོག (1992.10.11ཉིན་སྐྱེས་པ།)

5.དམག་ཁོངས་ལས་བུད་པའི་དམག་མི་ཡིན་ཚེ་ངེས་པར་དུ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་རུ་དཔུང་ལས་དམག་ཞུགས་དུས་ཚོད་ལོན་པའི་དམག་ཁོངས་ལས་བུད་པའི་དམག་མི་ཡིན་དགོས།

མིང་ཐོ་འགོད་པའི་གྲོན་དངུལ་དང་ལུས་ཕུང་བརྟག་དཔྱད་ཀྱི་གྲོན་དངུལ། ཟས་རིན་དང་ཉལ་ཁང་གི་གླ་སོགས་སྤྲོད་མི་དགོས། བསྡུ་ལེན་ཆོག་འཐུས་ཐོབ་པའི་མེ་གསོད་རུ་མིར་གསོ་སྦྱོང་ཚད་ལོན་རྗེས་འབྲེལ་ཡོད་གཏན་འབེབས་ལྟར། ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རང་ཞིང་གི་སྲིད་འཛིན་ས་ཁོངས་ནང་གཅིག་གྱུར་ཐོག་བཀོད་སྒྲིག་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།