ཟི་ལིང་བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་གནས་སྤར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་བཞི་མདོ་ཆེན་མོར་ཆགས་པའི་མཚོ་སྔོན་གྱི་དཔེ་ཁང་ཐོག་མ་ཞིན་ཧྭ་དཔེ་ཁང་ད་ལྟ་ལོ་ངོ60ཕྱིན་སོང་ལ། ཟླ9ཚེས19ཉིན། ལོ་ངོ60སོང་བའི་དཔེ་ཁང་འདི་གནས་སྐབས་རིང་དམངས་གཙོ་ལམ་དུ་སྤར་ནས་རྒྱལ་སྟོན་དུས་ཆེན་གྱི་སྔ་རོལ་ཏུ་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞབས་ཞུ་བསྒྲུབ་རྒྱུ་རེད།

བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་ནི1959བསྐྲུན་ཞིང་གཉེར་འགོ་བརྩམས། ལོ་ངོ60ཡི་རིང་ལ་རྒྱ་ཆེའི་ཀློག་པ་པོ་རྣམས་དང་སྐྱིད་སྡུག་མཉམ་ཁུར་ཁྲོད་འཚར་ལོངས་བྱུང་ནས་བསམ་པའི་ཐད་ལ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་སོང་བས་ཡུལ་མི་ཀུན་གྱི་མེད་མི་རུང་བའི་འཚོ་བའི་ཆ་ཤས་ཉག་ཅིག་ཏུ་གྱུར་ཡོད་པ་རེད།

སྔར་ལས་ལྷག་པའི་སྒོ་ནས་ཀློག་པ་པོ་རྣམས་ལ་ཞབས་ཞུ་འདོན་ཆེད་དང་། རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐང་ཆེད། བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་ད་ལྟ་རྒྱས་བསྐྲུན་བྱེད་འགོ་བརྩམས་ཡོད། ཤེས་གསལ་ལྟར་ན། རྒྱས་སྐྲུན་བྱས་རྗེས་ཞིན་ཧྭ་དཔེ་ཁང་གིས་རིག་གནས་དང་ཁམས་གསེང་ལ་མྱོང་རོལ་བྱེད་སའི་སྡིངས་ཆ་གསར་རྐྱང་ཞིག་ཀུན་གྱི་སྤྱན་སྔར་འབུལ་རྒྱུ་མ་ཟད། དཔེ་ཀློག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཀྱང་གནང་ངེས་རེད། དཔེ་ཁང་ཨར་ལས་ཀྱི་སྒང་འདི་ལ་གནས་སྐབས་བཞི་མདོ་ཆེན་མོ་ནས་དམངས་གཙོ་ལམ་གྱི་ལམ་རྟགས་དང་པོ་སྟེ། བཞི་མདོ་ཆེན་མོའི་སྦྲགས་སྲིད་ཅུས་ནས་ནུབ་ཏུ་སྨི500ཡི་མཚམས་དང་། དམངས་གཙོ་བྱང་ལམ་གྱི་ལྷོ་ནས་སྨི100མཚམས་སུ་སྤར་ཡོད་ལ། རྒྱས་སྐྲུན་འགྲུབ་རྗེས2020ལོའི་ལོ་མཇུག་ལ་ཕྱིར་བཞི་མདོ་ཆེན་མོ་ནས་དཔེ་ཀློག་པ་རྣམས་དང་མཇལ་ངེས་རེད།


ཁོན་ཐར་འཚོས་བསྒྱུར།