དམངས་སྲིད་པུའུ་སོགས་སྡེ་ཚན་བཞིས་རྫོང་རིམ་པའི་དབུལ་རྐྱང་གི་དམིགས་བསལ་ལྟ་སྐྱོང་ཞབས་ཞུ་ཇེ་མཐོར་གཏང་དགོས་པའི་བསམ་འཆར་བཏོན།

ཚེས16ཉིན་དམངས་སྲིད་པུའུ་ནས་བསྒྲགས་པའི་གནས་ཚུལ། ཉེ་ལམ་དམངས་སྲིད་པུའུ་ཡིས་རྒྱལ་ཁབ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག དབུལ་པོ་དབུལ་རྐྱང་གི་ལྟ་སྐྱོང་ཞབས་ཞུ་དང་། ཞབས་ཞུའི་སྒྲིག་ཆས། དོ་དམ་བཅས་ལ་ཤུགས་སྣོན་དགོས་པའི་བསམ་འཆར་བཏོན་ཡོད་པ་རེད།

2019ལོ་ནས་བཟུང་སྟེ། དབུལ་པོ་དབུལ་རྐྱང་གི་ལྟ་སྐྱོང་ཞབས་ཞུ་ཐད་ཀྱི་འཚོ་བའི་ཡོ་ཆས་དང་ཆ་རྐྱེན་དང་། སྒྲིག་བཀོད། བདེ་འཇགས་དོ་དམ་ལ་དམིགས་ནས་ལོ་གསུམ་རིང་ལ་ལེགས་སྒྲིག་ལག་བསྟར་བྱ་རྒྱུ་བྱས།  2020ལོའི་ལོ་མཇུག་གི་སྔ་རོལ་ལ་རྫོང་རིམ་པའི་ལྟ་སྐྱོང་ཞབས་ཞུ་སྒྲིག་ཆས་ཀྱི་ལྟ་སྐྱོང་ནུས་པ་ཇེ་ལེགས་སུ་གཏོང་བ་གཞི་བྱས་ཏེ། རང་ཁ་རང་གསོའི་ནུས་པ་ཉམས་པའམ་ཆ་ཤས་ཉམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མིའི་འཚོ་གནས་འགན་སྲུང་ལ་ཤུགས་བསྣན་དགོས་པ་དང་། རྒྱལ་ཡོངས་རྒན་གསོ་ཁང་གི་ཞབས་ཞུ་སྤུས་ཚད་ལ་ཆེད་དོན་ཞིབ་བཤེར་བྱས་ཁྲོད་དམིགས་བསལ་དཀའ་ངལ་ཅན་གྱི་ལྟ་སྐྱོང་ཞབས་ཞུ་སྒྲིག་ཆས་ལ་ཆག་སྐྱོན་བྱུང་ཡོད་པ་དང་བྱུང་ཉེན་ཡོད་པ་རྣམས་ལེགས་སྒྲིག་བྱས་ནས་བདེ་འཇགས་ཐད་ལ་འགན་ལེན་བྱ་དགོས། དེ་མིན་སྙོམས་སྒྲིག་ཁ་གསབ་ཀྱི་རྩ་དོན་ལྟར་རྫོང(གྲོང་ཁྱེར། ཆུས)རེ་ནས་མ་མཐའ་ཡང་རང་ཁ་རང་གསོའི་ནུས་པ་ཉམས་པའི་དམིགས་བསལ་དཀའ་ཅན་ལ་ཆེད་དུ་རྫོང་རིམ་པའི་ལྟ་སྐྱོང་ཞབས་ཞུ་སྒྲིག་ཆས་གཅིག་རེ་བསྒྲིགས་ནས་རང་ཁ་རང་གསོ་མི་ཐུབ་པ་རྣམས་ཀྱི་ལྟ་སྐྱོང་དགོས་མཁོ་ཐོག་མར་བསྐང་ཐོག སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏང་དགོས། རྫོང་དང་ཡུལ་ཚོ་ཕན་ཚུན་བར་འབྲེལ་བའི་རོགས་སྐྱོར་ཞབས་ཞུ་ཡོ་ཆས་བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་ཆ་མཉམ་པ་བཟོས་ནས་ཞིང་གྲོང་གི་རྒན་གསོའི་ཞབས་ཞུ་འགན་སྲུང་དྲ་བ་འཐུས་ཚང་དུ་གཏང་དགོས་པའི་བསམ་འཆར་བཏོན་པ་རེད།

དེ་མ་ཟད། ལྟ་སྐྱོང་བྱ་ཡུལ་གྱི་འཁོས་ཆད་ལ་དམིགས་ཏེ། ལས་རིགས་རྩལ་ནུས་སྦྱོར་རྡར་དཔྱད་འཇོག་ལྟར་རྒན་གསོ་གཉོར་སྐྱོང་གི་བསྡུར་ཚད་གཞིར་བཟུང་སྟེ། ལྟ་སྐྱོང་བྱེད་མཁན་ལས་ཀའི་གླ་ཕོགས་གཏན་འབེབས་ལུགས་མཐུན་བཟོས་ནས་རྒན་གསོ་དང་བླངས་པའི་དཔུང་སྡེ་སྐྱེད་སྲིང་ཧུར་ཐག་བྱ་དགོས། གྲོན་དངུལ་འགན་སྲུང་གི་མི་འདང་བའི་ཆ་ལ། ལྟ་སྐྱོང་ངམ་གཉོར་སྐྱོང་གི་གྲོན་དངུལ་ལག་བསྟར་གནད་ལ་འཁེལ་ཞིང་། དམིགས་བསལ་དཀའ་ངན་ཅན་ལ་དབང་བའི་ལྟ་སྐྱོང་ཞབས་ཞུ་ཉོ་སྒྲུབ་ཇུས་སྒྲིག་ལུགས་མཐུན་བྱས་ཏེ། སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་འཁྲིད་སྟོན་དཀར་ཆག་གྲས་སུ་བླངས་ཐོག དགེ་སྒྲུབ་ཚོགས་པའི་ཞལ་འདེབས་ལ་ཡར་སྐུལ་བྱས་ནས་མ་དངུལ་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏང་དགོས། དམིགས་བསལ་དཀའ་ངན་ཅན་གྱི་ལྟ་སྐྱོང་ཞབས་ཞུ་སྒྲིག་ཆས་སྤྱི་ཚོགས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། དམིགས་བསལ་དཀའ་ངལ་ཅན་ཀྱི་ལྟ་སྐྱོང་ཞབས་ཞུ་དང་གཉེར་སྐྱོང་དོ་དམ་ཁྲོད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་ཡར་སྐུལ་བྱ་དགོས་པའི་བསམ་འཆར་ཡང་བཏོན་པ་རེད། 

ཁོན་ཐར་འཚོས་བསྒྱུར།