མཚོ་སྔོན་ཞིང་ཆེན་གྱིས་ཕྱིར་འབུད་ལམ་ལུགས་འཐུས་ཚང་དུ་བཏང་ནས་བེད་མེད་ཁེ་ལས་གཙང་སེལ་བྱ་རྒྱུ་རེད།

ཟི་ལིང་དགོང་དྲོ་ཚགས་པར་གྱིས་སྤེལ་བའི་འཕྲིན། ཚོང་རའི་གྲུབ་ཆ་གཙོ་བོ་ལས་མི་ལེགས་པ་ཕྱིར་འཐེན་གྱི་བྱེད་ཐབས་བདེ་བོ་དང་། མ་རྩ་ཉུང་ངུར་བཟོས་ནས་འགྲན་རྩོད་ལ་ངར་ཤུགས་བསྐྱེད་ཆེད་དང་། ལེགས་སྤེལ་ངན་འདོར་དང་ཐོན་ཁུངས་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ལེགས་ངང་འཕེལ་རྒྱས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད། རྒྱལ་ཁབ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་སོགས་སྡེ་ཚན་གྱི་འབྲེལ་ཡོད་བཅོས་སྒྱུར་ཇུས་གཞིའི་དགོངས་དོན་གཞིར་བཟུང་ཐོག རང་རེའི་ཞིང་ཆེན་གྱི་དོན་དངོས་ལ་སྦྱར་ནས་ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་ཉེ་ལམ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ཁག་གི་སྣེ་འཁྲིད་དེ་མཉམ་འབྲེལ་ཐོག 《མཚོ་སྔོན་ཞིང་ཆེན་གྱིས་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་གཏང་བའི་ལས་ཀའི་འཆར་གཞི》(གཤམ་ནས《ལས་ཀའི་འཆར་གཞི》ཞེས་བསྡུ་རྒྱུ)བཟོས་ཤིང་པར་འགྲེམས་བྱས།

ཤེས་གསལ་ལྟར་ན། 《ལས་ཀའི་འཆར་འགོད》ནང་དུ། ཁྲོམ་རའི་གྲུབ་ཆ་གཙོ་བོ་ཕྱིར་འཐེན་གྱི་ཆ་རྐྱེན་དང་ཚད་གཞི། གོ་རིམ་ཞིབ་ཕྲ་བཅས་ཚད་ལྡན་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་གྲུབ་ཆ་གཙོ་བོ་གང་ཞིག་ཁྲིམས་མཐུན་ལུགས་མཐུན་དང་གོ་རིམ་དང་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་སྐོར་གྱི་གནས་ཚུལ་ཀུན་ལ་ཤེས་སུ་འཇུག་དགོས་པ་དང་ཆབས་ཅིག ཕྱིར་འཐེན་དང་འབྲེལ་ནས་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དུ་གཏང་བའི་བྱ་བ་སོགས་ལེགས་པོར་བསྒྲུབ་དགོས་ལ། ཁེ་ལས་སོགས་ཀྱིས་རང་སྐྱོང་གི་རྩ་དོན་ལྟར་མ་རྩ་རྡིབ་ལྷུང་རྒྱུ་མཚན་ལ་ཁ་ཆད་གསལ་པོ་འཇོག་དགོས།  ནམ་ཞིག་མ་རྩ་རྡིབ་ལྷུང་གི་རྒྱུ་རྐྱེན་བྱུང་བའི་དུས་དེ་ལ་ཁྲིམས་ལུགས་ལས་ལོགས་སུ་གཏན་འབེབས་གཞན་དག་ཡོད་ཚེ། ཁྲོམ་རའི་གྲུབ་ཆ་གཙོ་བོ་ནས་བཅོས་སྐྱོང་གི་འགྲོ་རིམ་གྲོས་ཆོད་ལྟར་མ་རྩ་རྡིབ་ལྷུང་ཐག་བཅད་ཆོག་ལ། ཐག་བཅད་རྗེས་རང་རྟོགས་ཀྱི་སྒོ་ནས་ཁྲོམ་ར་ལས་ཕྱིར་འབུད་དགོས། ཁེ་ལས་ཀྱི་མ་རྩ་རྡིབ་ལྷུང་གི་ལམ་ལུགས་འཐུས་ཚང་དུ་གཏང་བ་གཞི་བྱས་ཏེ། བུན་དབང་དང་བུ་ལོན་གྱི་འབྲེལ་བ་ཡོད་པའི་ཚོང་གཉེར་ཁེ་ལས་ཀྱི་ཕྱིར་འབུད་བྱེད་ཐབས་སྟབས་བདེར་བཟོས་ནས་ཕྱིར་བུད་རྗེས་ཀྱི་འབྲེལ་ཡོད་དོན་དག་བཀོད་སྒྲིག་བཟང་པོ་བྱ་བ་དང་། དེ་དག་གི་ཐོན་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱ་དགོས་པ་བསྟན་འདུག །

ཚོང་གཉེར་ཁེ་ལས་གང་ཞིག་གི་མ་རྩ་རྡིབ་ལྷུང་དུ་བཟོ་དགོས་པའི་ཆ་རྐྱེན་ལྡན་ཚེ། འགྲོ་རིམ་ལྟར་ཁྲིམས་བཞིན་ཞིབ་རྩིས་ཚོགས་ཆུང་བཙུགས་ནས་རྩིས་གསལ་པོ་རྒྱག་ཏུ་འཇུག་དགོས་ལ། ཁྲོམ་རའི་གྲུབ་ཆ་གཙོ་བོའི་མ་རྩ་སྟོངས་ཚུལ་དེ་ཁྲིམས་བཀོད་ཆ་རྐྱེན་དང་མཐུན་ཚེ། མ་རྩ་སྟོངས་པའི་ངོས་ཐད་ནས་གཙང་སེལ་འགྲོ་ལུགས་བསྒྲུབ་དགོས་ཞེས་བླང་བྱ་བཏོན་འདུག །

ཁོན་ཐར་འཚོས་བསྒྱུར།