ཀྲང་ཤིས་མེན་གྱིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་གནང་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་བསུ་བ་ཞུ་ཆེད་སྔར་ལས་བཟང་བའི་གླེང་ཕྱོགས་ཀྱི་རྣམ་པ་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་ཆར་ཞིང་ཏང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཤིས་མེན་གྱིས་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་རྟོག་ཞིབ་གནང་བ་རེད། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏང་བ་དང་། བྱེད་ཐབས་ནུས་ལྡན་སྤྱོད་པ། གསོན་ཉམས་ལྡན་པའི་ལག་ལེན་དང་དཔེ་མཚོན་ལ་བརྟེན་པ་བཅས་ཀྱི་ཐོག་ནས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70སོང་རིང་གི་གྲུབ་འབྲས་ཆེན་པོ་་དྲིལ་སྒྲོག་ཡག་པོ་བྱེད་པ་དང་། ལོ70ཡི་ནང་མཚོ་སྔོན་གྱི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དྲིལ་སྒྲོག་ཡག་པོ་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པར་འབད་འཐབ་དང་འབྱུར་འགྱུར་འབྲི་བཞེངས་བྱ་རྒྱུར་སྐུལ་ལྕག་འདེབས་དགོས་ཟེར། 

ཀྲང་ཤིས་མེན་དུར་ལམ་རྫོང་ཤིང་སྡེ་གྲོང་རྡལ་ཁྲའེ་ཤིང་གྲོང་ཚོའི་ལི་གྲོ་སྐྱེ་ཚུལ་ལ་རྟོག་ཞིབ་ཏུ་ཕེབས་ཏེ། བྱམས་བརྩེ་ལྡན་པའི་གྲོང་མི་དག་ལ་ཁ་བརྡ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་རེད། ཁོང་གིས་ཁྱད་ལྡན་ཞིང་འབྲོག་ལས་ནི་དབུལ་ཐར་འགག་སྒྲོལ་དང་མང་ཚོགས་ཕྱུག་འགྱུར་ལ་རོགས་རམ་བྱེད་པའི་བྱ་གཞི་གལ་ཆེན་ཞིག་ཡིན་པས། ཁྲོམ་ར་དང་མཁོ་མཁན་གྱི་དགོས་མཁོར་དམིགས་སའི་རང་བཞིན་གྱི་འོས་སྦྱོར་དྲིལ་སྒྲོག་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ལེགས་ཚོང་རྟགས་རིམ་བཞིན་སྟོབས་ཆེར་གཏང་དགོས་ལ། རྒྱལ་གཅེས་ཆོས་གཅེས་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། གོམས་སྲོལ་སྒྱུར་བ་དང་དུས་རབས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏང་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་དང་། དབུས་ལམ་རྫོང་ཅིན་ཙི་ཧའེ་མཛེས་ལྗོངས་ཁུལ་གྱི་ཡུལ་དངོས་སུ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་་དང་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་ཏེ། རིག་གནས་ཀྱི་ནང་དོན་དང་དམིགས་བསལ་ལོ་རྒྱུས་སྔོག་འདོན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་མི་སེར་ལ་བདེ་སྐྱིད་བསྐྲུན་དགོས་པ་བསྟན། གཏེར་ལེན་ཁ་རུ་ཀྲང་ཤིས་མེན་གྱིས་ས་འོག་ནས་ཐོན་པའི་རིག་དངོས་ཞིབ་འཇུག་དང་སྲུང་སྐྱོང་ལ་རྒྱུས་ལོན་གསལ་པོ་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་། སྔོག་འདོན། ཞིབ་འཇུག་འགྲེམས་སྟོན་བཅས་ཀྱི་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་རིག་དངོས་བདེ་འཇགས་འགན་ལེན་དང་འཕྱུགས་པ་གཏན་མེད་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཀྲང་ཤིས་མིན་ད་དུང་ཤིང་སྡེ་གྲོང་རྡལ་དུ་བསྐྱོད་དེ་གཞི་རིམ་དུ་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་བྱ་བར་རྒྱུས་ལོན་བྱས་པ་མ་ཟད། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་དག་ཐེར་བྱས་པ་ལ་ཉན་ནས། ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་བླང་བྱ་བཏོན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།