ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅོན་གྱིས་ལས་ཀའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཕེབས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གཙོ་སྐྱོང་གནང་བ་རེད། 

ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་དམངས་སྲིད་ལས་དོན་དེ་སྤྱི་ཚོགས་བཅོས་སྐྱོང་གི་མདུན་གྲལ་དུ་གནས་པ་དང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དམངས་སྲིད་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་དམངས་སྲིད་ལས་དོན་གྱི་འགན་ནུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ། ཐོག་མའི་འགན་འཁྲི་བརྟན་སྲུང་བྱེད་པ། དམངས་ཆེད་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། གཞི་རྩའི་དམངས་ཚིས་འགན་ལེན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་འགན་སྲུང་ནུས་པ་མཁོ་འདོན་བྱ་དགོས་ཞེས་ཟེར།

ལིག་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དམངས་སྲིད་ལས་དོན་གྱི་གནས་བབ་ནུས་པ་དང་། འགན་འཁྲི་དང་རྩ་བའི་འགན་ལེན། འཕེལ་རྒྱས་སྒུལ་ཤུགས། ལས་ཀའི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད། ཁོང་གིས་རྒྱལ་ཡོངས་དམངས་སྲིད་ཚོགས་འདུ་མ་འཚོག་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་དབུལ་ཐར་འགག་སྒྲོལ་ལ་དམིགས་པ་དང་། དམིགས་བསལ་ཚོགས་སྤྱིར་དམིགས་པ། མང་ཚོགས་ཀྱི་དོ་ཁུར་ལ་དམིགས་པ། གཞི་རྩའི་དམངས་ཚིས་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་སྔར་བས་ཡག་པོ་སྒྲུབ་པའི“འདུས་འཛོམས་གསུམ་དང་གཞི་རྩ་གསུམ”གྱི་བླང་བྱ་གལ་ཆེན་བཏོན་ནས་དམངས་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་དུས་རབས་གསར་པའི་དམངས་སྲིད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་དམངས་སྲིད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་དང་ལས་འགན་ཁྱོན་ཡོངས་ནས་སྒྲུབ་པ། དུས་རབས་གསར་པའི་དམངས་སྲིད་ལས་དོན་ཡག་པོ་སྒྲུབ་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱ་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། གཞི་རྩའི་དམངས་ཚིས་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགན་ལེན་མ་ལག་མགྱོགས་མྱུར་སྒོས་འཐུས་སྒོ་ཇེ་ཚང་དང་། འགན་ལེན་བྱེད་དགོས་རིགས་འགན་ལེན་བྱས་ནས་སྤྱི་ཕན་དགེ་སྒྲུབ་འཕེལ་རྒྱས་ཧུར་ཐག་བྱེད་པ གཞི་རྩའི་སྤྱི་ཚོགས་ཞབས་ཞུ་དར་སྤེལ། རྒན་གསོའི་ཞབས་ཞུ་འཕེལ་རྒྱས་བཅས་ལ་སྟོབས་ཤུགས་བཏོན་ཏེ། བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དུར་འཇུག་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་དོ་དམ་ཡག་པོ་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་གསར་གཏོད་བྱེད་པ་དང་། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ། གཞི་རིམ་བཅོས་སྐྱོང་གསར་གཏོད་བྱེད་པ། “སྡེ་གསུམ་མཉམ་འགུལ”ལ་སྐུལ་འདེད་གཏོང་བ། ཆེད་དོན་དོ་དམ་ཇེ་ལེགས་སུ་གཏོང་བ། དམངས་སྲིད་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ། ལས་བྱེད་པར་སེམས་ཁུར་དང་སྐུལ་ལྕག་བྱེད་པ། གསར་གཏོད་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པའི་དམངས་སྲིད་ལས་དོན་གྱི་བྱས་རྗེས་གསར་པ་ཧུར་ཐག་མངོན་པར་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་བསུ་བ་ཞུ་དགོས་ཟེར།

ཁོང་ཡུང་གིས་ཕྱོགས་སྡོམ་ཚོགས་འདུའི་ཐོག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན་པ་རེད། 

ཚོགས་འདུའི་སྔོན་དུ། ལིག་ཉིང་གིས་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་དྲན་རྟེན་པར་ཡང་བརྒྱབ་པ་རེད།

ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།

ལོ་ཙཱ་བ།ཀླུ་མོ།