ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་ལྔ་པ་མཇུག་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས9ཉིན། མི་རིགས་མཐུན་སྒྲིལ་གྱི”གཡང་མདའ་རྟགས་མའི”ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་ལྔ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་བསྡུས། མི་རིགས་མདའ་འཕེན་རིག་གནས་དེ་གསོན་ཤུགས་ཀྱིས་བརྟས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་མཐོའི་ཡུལ་གྲུ་འདི་ནས་དར་སྤེལ་དང་རྒྱུན་འཛིན་ལ་འབད་བཞིན་མཆིས།

ཐེངས་འདིའི་འགྲན་སྡུར་སྟེང་། རྒྱལ་ཁབ་ཕྱི་ནང་གི་འགྲན་སྡུར་རུ་ཁག143དང་ཁྱོན་བསྡོམས་མདའ་བ1204ལྷག་ཞུགས་ཡོད། ཉིན་གསུམ་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མདའ་འཕེན་རུ་ཁག་དང་། བ་ཡན་ཧའེ་རིགས་རང་སྐྱོང་རྫོང་མདའ་འཕེན་རུ་ཁག གཅན་ཚ་རྫོང་མདའ་འཕེན་རུ་ཁག་གཉིས་པ། གཞོང་ཐང་ཧའེ་རིགས་རང་སྐྱོང་རྫོང་མདའ་འཕེན་རུ་ཁག ཨའེར་ཏོ་སི་མདའ་འཕེན་རུ་ཁག་བཅས་ལ་སོ་སོར་གཞུ་འཁོར་ལོ་མ། ལྕགས་གཞུ། རྭ་གཞུ། དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་ཚོགས་པ། དེང་རབས་སྲོལ་རྒྱུན་གཞུའི་ཚོགས་པའི་འགྲན་སྡུར་བཅས་ཀྱི་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་ཙོང་ཁ་རུ་ཁག་དང་དམར་གཙང་ཆུས།ལུང་མདོ་ཆུས། ནང་སོག་ཧ་པུའུ་ཐུའུ་བཅས་ལ་སོ་སོར་གཞུ་འཁོར་ལོ་མ།ལྕགས་གཞུ། རྭ་གཞུ། དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་ཚོགས་པ་དང་། དེང་རབས་སྲོལ་རྒྱུན་གཞུའི་ཚོགས་པའི་འགྲན་སྡུར་བཅས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། གཅན་ཚ་རུ་ཁག་གཉིས་པ་དང་ན་གོར་མོ་གྲོང་ཁྱེར། དམར་གཙང་ཆུས། གཏེར་ལེན་ཁ་གྲོང་ཁྱེར། ཀྲེ་ཅང་རུ་ཁག་བཅས་ལ་སོ་སོར་གཞུ་འཁོར་ལོ་མ། ལྕགས་གཞུ། རྭ་གཞུ། དེང་རབས་སྲོལ་རྒྱུན་གཞུའི་སྐྱེས་མའི་འགྲན་སྡུར་དང་། དེང་རབས་སྲོལ་རྒྱུན་གཞུའི་ཚོགས་པའི་འགྲན་སྡུར་བཅས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། ཅཱ་ཞའོ་ཡེ་ལ་དེང་རབས་སྲོལ་རྒྱུན་གཞུའི་མི་སྒེར་གྱི་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཡང་མོ་ལ་དེང་རབས་སྲོལ་རྒྱུན་མི་སྒེར་གྱི་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ། ཞི་ལ་ཁྲའོ་ལོ་ལ་དེང་རབས་སྲོལ་རྒྱུན་གཞུའི་མི་སྒེར་གྱི་ཚོགས་པའི་བྱ་དགའ་ཨང་གསུམ་པ་ཐོབ། མཱ་མུའུ་ཀང་། ལ་པེ། ཅང་ཅན་ལེན། ཏིན་ཅན་ཀའོ་བཅས་ལ་མཚོ་སྔོན་ཁུ་ནུའི་མདའ་བའི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ།

སྐབས་འདིའི་འགྲན་སྡུར་གཉེར་བ་བརྒྱུད། རྒྱལ་ནང་གི“དེང་རབས་མདའ་འཕེན་སྟངས་ཧྲང་ཧའེ་ལ་ལྟ་བ་དང་། སྲོལ་རྒྱུན་མདའ་འཕེན་སྟངས་མཚོ་སྔོན་ལ་ལྟ་བ”། “མདའ་འཕེན་ལུས་རྩལ་དེ་ལྷོའི་ཧྲང་ཧའེ་དང་། བྱང་གི་མཚོ་སྔོན”ཕྱོགས་སུ་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ཞིང་། འགྲན་བསྡུར་གྱི་ཤུགས་རྐྱེན་ཐེབས་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། འགྲན་བསྡུར་དེ་གཉེར་བས་འཛམ་གླིང་ས་ཕྱོགས་ཁག་གི་མདའ་འཕེན་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་སྤེལ་རེས་དང་ཡར་ཐོན་གྱི་གར་སྟེགས་མཁོ་འདོན་བྱས་པ་མ་ཟད། འཛམ་གླིང་ལ་ས་མཐོའི་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་པ་དེས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་རིག་གནས་ཐོན་ཁུངས་གང་ལེགས་མངོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་གཞག་དང་ལུས་རྩལ་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། 

ལོ་ཙཱ་བ། ཀླུ་མོ།