【“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ།】

— ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཆེད་དོན་དགེ་རྒན་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ9པའི་ཚེས10ཉིན། ཞིང་ཆེན་དེ་ཡོངས་ཀྱི“འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་གཉེར་བ་རེད། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་ས་གནས་དེ་ག་དང་ཚན་པ་དེ་གའི་བརྗོད་དོན་སློབ་གསོའི་དགེ་རྒན་ཁྱོན175གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ཐེངས་འདིའི་ཆེད་དོན་གསོ་སྐྱོང་ནང་། 《ཞིང་ཆེན་ཡོངས་སུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར》དང་ཁག་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུར་དམ་པོར་དམིགས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་བླང་བྱ། དེ་བཞིན་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་བྱ་དགོས་ལ། སློབ་སྦྱོང་བྱེད་སྟངས་དང་བྱེད་ཐབས་སོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ། དགེ་རྒན་དཔུང་ཁག་གི་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏང་བ་དང་། བྱེད་སྟངས་དང་བྱེད་ཐབས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

ཐེངས་འདིའི་གསོ་སྦྱོང་ཞིང་ཆེན་ཏང་ཨུས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《བརྡ་ཐོ》པར་འགྲེམས་བྱས་ནས།ཁྱོན་ཡོངས་ལ་ཁྱབ་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ་རེད། གསོ་སྦྱོང་མཛད་སྒོས་བསྟན་དོན། ཏང་ཀྲི་པུའི་ཧྲུའུ་ཅིས་བརྗོད་དོན་སློབ་གསོར་ངོས་འཛིན་གནད་ལ་འཁེལ་མིན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་མིན། བྱ་བར་སྐུལ་འདེད་གཏང་བའི་བྱེད་ཐབས་འོས་འཚམ་མིན་པ་བཅས་ཚང་མ་འགོ་འཛུགས་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཆེད་དོན་དགེ་རྒན་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་། ཆེད་དོན་ཟུར་ཁྲིད་དང་། མཉམ་འགུལ་སློབ་ཁྲིད། ཕན་ཚུན་རྒྱུས་ལེན་དང་བགྲོ་གླེང་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྔར་ལས་ལྷག་པའི་སྒོ་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏང་རྒྱུ་ཡིན་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།