མ་རྩའི་ཁྲོམ་རའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལམ་ཐིག་རི་མོ་བཏོན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཚེས10ཉིན། སླད་ཕྱིན་དུས་སྐབས་ཤིག་རིང་མ་རྩའི་ཁྲོམ་ར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ལས་འགན་12ཁྱབ་བསྒྲགས་བྱས། དེ་ནི་ཚན་རྩལ་གསར་གཏོད་ཀྱི་པང་ལེབ་སྒྱུར་བཅོས་དང་ཁྲོམ་རར་ཞུགས་པའི་ཀུང་སིའི་སྤུས་ཚད་མཐོར་གཏོང་། དུས་ཡུན་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པ་དང་ཁྲོམ་རར་དོ་ཁུར་བྱེད་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་9ཉིན་ནས་ཚེས་10ཉིན་བར་པེ་ཅིང་དུ་མ་རྩའི་ཁྲོམ་རའི་སྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གོང་གསལ་གྱི་ལས་འགན་གཙོ་བོ་ནི་གྲོས་ཚོགས་དེའི་ཐོག་བཏོན་པ་ཡིན། གཙོ་གནད་ལས་འགན་གྱི་རྣམ་གྲངས་དང་པོ་ནི་ཚན་རྩལ་གསར་གཏོད་ཀྱི་ཚོད་ལྟའི་ཞིང་ཁའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་ཡིན། ལག་ཁྱེར་ནང་ཚན་རྩལ་གསར་གཏོད་ཀྱི་ངེས་གནས་བརྟན་སྲུང་དང་། ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་སྦྲེལ་མཐུད་ལམ་སྲོལ་ལེགས་སུ་གཏོང་བ། སྒྱུར་བཅོས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྤྱོད་གོ་ཆོད་པའི་ལམ་ལུགས་བཀོད་སྒྲིག་ལ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་ཐོ་འགོད་ལམ་ལུགས་བརྟན་པོའི་ངང་ལག་བསྟར་བྱས་ཏེ་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ཁྲོམ་འགྲེམས་ཀུང་སིས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད། དཔང་ཐུང་གིས་ཁྲོམ་འགྲེམས་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི་བཟོས་ནས་ལག་བསྟར་བྱེད་པ་དང་། Oཞིབ་བཤེར་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། མ་རྩའི་ཁྲོམ་ར་བསྐྱར་སྒྲིག་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྣ་མང་ཅན་གྱི་ཁྲོམ་ར་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཐབས་ལམ་ཤར་གཏོང་བཅས་བྱས་ནས་ཁྲོམ་འགྲེམས་ཀུང་སིའི་ལེགས་རྒྱལ་ཞན་ཕམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། དུས་མཚུངས་སུ་བསྐྱར་སྒྲིག་ཚོང་རར་འདོན་པ་དང་། བསྐྱར་དུ་དངུལ་སྡུད་བྱེད་པ་སོགས་ཀྱི་ལམ་ལུགས་ལེགས་སྒྱུར་བྱས་ཏེ། ཁག་བགོས་ཚོང་རར་འདོན་པའི་ཚོད་ལྟ་ལ་རྒྱབ་སྐྱོར་བྱེད་དགོས། ཚོང་རར་བཏོན་པའི་ཀུང་སིར་རྒྱུན་མཐུད་ངང་ལྟ་སྐུལ་དོ་དམ་དང་། རིགས་དབྱེ་ལྟ་སྐུལ་དོ་དམ། གནད་སྨིན་ལྟ་སྐུལ་དོ་དམ་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས།

ཁྲོམ་རའི་ཐོག་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་མ་དངུལ་ཁྲོམ་རར་ཞུགས་པའི་གནད་དོན་ཐད་ལག་ཁྱེར་གཉེར་མཁན་གྱིས་དངུལ་འཛིན་ཐེབས་རྩ་གཉེར་སྐྱོང་སྒྲིག་གཞིའི་ཡུན་རིང་གྲུབ་འབྲས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་ཞལ་འདེབས་ཐེབས་རྩ་དོ་དམ་པར་རིགས་དབྱེའི་ལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དུས་ཡུན་རིང་བ་དང་འབྲིང་བའི་མ་དངུལ་སྣ་ཚོགས་ཚོང་རར་ཞུགས་པའི་བསྡུར་ཚད་དང་ཁྱབ་ཁོངས་ལྷུག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱི་པའི་ཞལ་འདེབས་ཐེབས་རྩ་དེ་མི་སྒེར་གྱི་ཁྲལ་བསྡུ་རིམ་འགྱངས་ཅན་གྱི་ཚོང་ལས་རྒན་གསོའི་མ་དངུལ་གྱི་ཁྱབ་ཁོངས་སུ་འཇོག་པར་སྐུལ་འདེད་གཏོང་དགོས།

གཞན་ཡང་ལག་ཁྱེར་གཉེར་མཁན་གྱིས་ད་དུང་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བ་དང་། ཁྲིམས་སྐྱོང་གི་མཁོ་སྤྲོད་སྔར་བས་ཆེ་རུ་གཏོང་བ། མ་འཇོག་མཁན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིབ་བཤེར་གྱི་ཁྲིམས་འཛིན་ཕན་ནུས་ཆེ་རུ་གཏོང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་གྱི་ལྟ་སྐུལ་དོ་དམ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ་སོགས་ཐད་ཀྱི་སྒྱུར་བཅོས་བཀོད་སྒྲིག་བྱ་རྒྱུ་རེད།