【ལོ་ངོ་བདུན་ཅུའི་གཟི་བརྗིད། དུས་རབས་གསར་པའི་འབད་འབུངས།】མཚོ་སྔོན་ཞིང་ཆེན་གྱི་དབུལ་པོ་མི་འབོར་འབུམ་ཕྲག་གཉིས་མཐུན་རྐྱེན་ལེགས་པའི་གནས་སུ་གཞིས་སྤར།

ཟླ9ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གནས་སྤོ་ཡུལ་མིའི་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། གསར་འགོད་པས་ཤེས་གསལ་ལྟར་ན། ཟླ7པའི་ཟླ་མཇུག་བར་ལ། རང་རེའི་ཞིང་ཆེན་གྱིས”ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་དབུལ་སྐྱོར་ཐད་ཀྱི་ཡུལ་མི་གནས་སྤོ་བྱེད་ས272ཕྱོགས་བསྡུས་ཐོག་བཀོད་སྒྲིག་བརྒྱབ་ཅིང་། སྡོད་ཁང་ཆ་ཚང5.2བསྐྲུན་ནས་མི་འབུམ་གཉིས་མཐུན་རྐྱེན་བཟང་པོའི་གནས་སུ་སྤར་དུ་བཅུག་ཡོད་པ་རེད།

2016ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་དབུལ་སྐྱོར་འགག་སྒྲོལ་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དབུལ་སྐྱོར་ཐད་ཀྱི་ཡུལ་མི་གནས་སྤོ་བྱ་བ་དེ་དབུལ་སྐྱོར་འགག་སྒྲོལ་གྱི་ལས་གཞི་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་ལས་གཞི་རུ་བརྩིས་ཤིང་། “ སྤོ་ཐུབ་པ་དང་། ཚུགས་ཐུབ་པ། ཕྱུག་ཐུབ་པ”ཡི་སྤྱིའི་དམིགས་འབེན་སྙིང་བོར་བཟུང་ནས་ཚད་གཞི་ནན་མོ་དང་སྤུས་ཚད་གཙིགས་འཛིན། འཕེལ་ཕྱོད་བརྩོན་ལེན། ལག་བསྟར་དམ་འཛིན་བཅས་ཀྱི་སྒོ་ནས་དབུལ་སྐྱོར་ཐད་ཀྱི་ཡུལ་མི་གནས་སྤོའི་ལས་ཀ་ཁག་ཏན་ཏིག་བསྒྲུབས་པས། དབུལ་ཚང་གནས་སྤོ་བྱས་རྗེས་སྡོད་ཁང་ལ་སེམས་ཁྲལ་མེད་པ་བཟོས་ནས་ལས་བརྩོན་ལ་ལྷག་ཏུ་སྤྲོ་བ་འཕེལ་དུ་བཅུག་པ་རེད།

གནས་སྤོ་དབུལ་སྐྱོར་གྱི་གོ་རིམ་ཁྲོད་དུ། རང་རེའི་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་ཆས་ཆ་ཚང་སྒྲིག་བཀོད་ལ་ཤུགས་བསྣན། ལས་རིགས་སྡེ་ཚན་གྱིས་སྔ་གཞུག་ཏུ་རྨང་གཞི་སྒྲིག་ཆས་དང་སྤྱི་གཞུང་ཞབས་ཞུ་སྒྲིག་ཆས་ཆ་ཚང་ཐད་མ་དངུལ་དུང་ཕྱུར14.3བཏང་སྟེ། ཆུ་སྦུག གློག་སྐུད། གྲོང་ཚོ་རིམ་པའི་སྲང་ལམ་འདིང་བ། སློབ་གྲྭ་དང་བུ་བཅོལ་ཁང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་ཐད་བེད་སྤྱོད་བཏང་། དབུལ་ཚང་མཐུན་རྐྱེན་ལེགས་པའི་གནས་སུ་སྤར་རྗེས་སུ་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་གནས་སྤོ་ཡུལ་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྡོད་ཁང་བཀོད་སྒྲིག་བརྒྱབ་པས། དབུལ་བོ་མང་ཚོགས་ཀྱི“ཕ་ས་བསྐྱུར་མི་ཐུབ་པའི”ལྟ་བ་བསྒྱུར།

དེ་དང་ཆབས་ཅིག རང་རེའི་ཞིང་ཆེན་གྱིས་ད་དུང“དབུལ་ཁྱིམ་སྤར་བ”དང“དབུལ་ལས་བསྒྱུར”ཐབས་གཉིས་གཞིར་བཟུང་སྟེ། ཐོན་ལས་དབུལ་སྐྱོར། ལས་ཞུགས་བརྗེ་སྒྱུར། མ་མཐའི་འཚོ་བའི་འགན་ལེན་ལ་ལྷན་པ་རྒྱག་པ་བཅས་ཀྱི་བྱེད་ཐབས་བཀོལ་ནས་གནས་སྤོ་མང་ཚོགས་ཀྱི་འབབ་སྒོ་གཏན་འཇགས་འཕར་བ་ལ་སྐུལ་འདེད་བཏང་། 2018ལོར་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཐད་ཀྱི་གནས་སྤོ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར8187ལ་བསླེབས་ཡོད་པ་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས་དབུལ་སྐྱོར་བྱ་བའི་ཡུལ་མི་རྣམས་རི་གྲོང་ནས་གྲོང་གསེབ་ཏུ་སྤར་ནས་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། ལོ་ཅུང་ཆེ་བའི་མི་རྐྱང385གནས་སྤར་རྗེས་བཟའ་ཚང་བཅོས་ནས་བྱིས་པ་སྐྱེས་ཤིང་། བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་ཡོད།

ལས་ཕྱི་མར་རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་གྱི་ཡུལ་མི་གནས་སྤོ་ཡི་ལས་ཀའི་གནད་འགག་དེ“སྤོ་ཐུབ་པ”ནས“ཚུགས་ཐུབ་པ། ཕྱུག་ཐུབ་པར”བསྒྱུར་བའི་ཕྱོགས་ལ་ཤུགས་བཏོན་ནས་དབུལ་སྐྱོར་གྱི་ཡུལ་མི་གནས་སྤོའི“མཇུག་གི་དོན་ཚན”ལེགས་པོར་བསྒྲུབ་ཏེ། གནད་དོན་དག་ཐེར་བྱ་བ་དམ་འཛིན་བྱས་ནས་དབུལ་སྐྱོར་གྱི་ལས་མཇུག་ཞིབ་ཆ་ལྡན་པའི་སྒོ་ནས་བསྐྱང་རྒྱུ་དང་། གནས་སྤོ་ཡུལ་མི་སྡོད་ཁུལ་ལམ་ས་ཁུལ་དུ་བཀོད་སྒྲིག་བརྒྱབ་རྗེས་ཀྱི་དོ་དམ་ཞས་ཞུ་ལ་འཕྲད་པའི་གནད་དོན་འབུར་ཐོན་ཅན་ལ་དམིགས་ནས་ཇུས་སྒྲིག་ལུགས་མཐུན་ནམ་དོ་དམ་བྱ་ཡུལ་སྙོམས་སྒྲིག་བྱས་ཏེ། “དུད་ཚང་རེ་ལ་ཡིག་ཚགས་རེ”བཟོ་དགོས་པའི་བླང་བྱ་ལྟར་ཡིག་ཚགས་དོ་དམ་བྱ་བ་ནན་ཏན་གྱིས་བསྒྲུབ་རྒྱུའོ། །

ཁོན་ཐར་འཚོས་བསྒྱུར།