མཚོ་སྔོན་གྱི2020ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི《2020ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་བྱ་བའི་དོ་དམ་གཏན་འབེབས》གཞིར་བཟུང་སྟེ། མཚོ་སྔོན་གྱི2020ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་གྱི་འབྲེལ་ཡོད་དོན་ཚན་གྱི་བཀོད་ཁྱབ་གཤམ་གསལ་ལྟར།

གཅིག ཡིག་རྒྱུགས་ལེན་པའི་དུས་ཚོད།

2019ལོའི་ཟླ12པའི་ཚེས21ཉིན་ནས་ཚེས22ཉིན་བར། དུས་ཚོད3ལས་བརྒལ་པའི་རྒྱུགས་གཞི་ཟླ12པའི་ཚེས23ཉིན་ལེན་རྒྱུ་རེད།

གཉིས། མིང་ཐོ་འགོད་སྟངས།

རྒྱུགས་ཞུགས་སློབ་མ་རྣམས་ཀྱིས“ཀྲུང་གོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཆ་འཕྲིན་དྲ་ཚིགས”(https://yz.chsi.com.cn/)བརྒྱུད་ནས་མིང་ཐོ་འགོད་དགོས།

གསུམ། དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད།

དྲ་ཐོག་ནས་སྔོན་ལ་མིང་ཐོ་འགོད་པའི་དུས་ཚོད2019ལོའི་ཟླ9པའི་ཚེས24ཉིན་ནས་ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད9:00—22:00བར། མིང་ཐོ་འགོད་པའི་དུས་ཚོད2019ལོའི་ཟླ10པའི་ཚེས10ཉིན་ནས་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད9:00—22:00བར།

བཞི། ཡུལ་དངོས་ནས་ངོས་འཛིན་བྱེད་པའི་དུས་ཚོད།

2019ལོའི་ཟླ11པའི་ཚེས5ནས་ཚེས10ཉིན་བར། ཡུལ་དངོས་ནས་ངོས་འཛིན་བྱེད་པའི་ས་གནས་མཚོ་སྔོན་སློབ་གསོ་རྒྱུགས་ལེན་གླིང་གི་གཞུང་ཕྱོགས་དྲ་ཚིགས(www.qhjyks.com)དང་སྐད་འཕྲིན་སྤྱི་སྟེགས(青海省教育招生考试)བརྒྱུད་ནས་བརྡ་གཏང་རྒྱུ།

ལྔ། རྒྱུགས་ལེན་གྲོན་དངུལ།

རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་ཟླ10པའི་ཚེས31ཉིན་གྱི་སྔོན་ལ་དྲ་ཐོག་ནས་མིང་ཐོ་འགོད་གླ་སྒོར160སྤྲད་དགོས།

དྲུག རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད།

2019ལོའི་ཟླ12པའི་ཚེས14ཉིན་ནས་ཟླ12པའི་ཚེས23ཉིན་བར།

མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་ནས།

2019ལོའི་ཟླ9པའི་ཚེས10ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།